སྟོང་ཆེ་འབྲོག་རི་དཔོན་ཚང་གིས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་ལ་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-10-01 22:42:01][རྩོམ་པ་པོ། གཡུང་དྲུང་ལྷུན་འགྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20171001223133.jpg

སྟོང་ཆེ་འབྲོག་རི་དཔོན་ཚང་གིས་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་ལ་གདུང་མཆོད་ཕུལ་བ།

 微信图片_20171001222917.jpg微信图片_20171001223121.jpg

     སྤྱི་ལོ༢༠༡༧ལོའི་ཧོར་ཟླ༨པའི་ཚེས༨ཉིན། རང་སྡེ་བའི་སྐྱེ་བོ་བརྒྱ་ཕྲག་དུ་མ་འདུས་ཏེ། གསར་དུ་བཞེངས་པའི་དཔོན་ཚང་གསས་ཁང་མཐོང་བ་དོན་ལྡན་དུ་མེ་ཏོག་དང་། བདུག་སྤོས། མར་མེ། ཚན་ཆབ། ལྷ་བཤོས་སོགས་ཕུལ་ཏེ་གདུང་ཤུགས་དྲག་པོའི་སྒོ་ནས་མྱ་ངན་ཞུས།

 微信图片_20171001223058.jpg

     དུས་རབས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་གཅིག་པུ། གངས་ཅན་འགྲོ་བའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་གི་དགོངས་རྫོགས་ཀྱི་དུས་སྐབས་འདིར། ཉིན་མཚན་འཁོར་མོ་ཡུག་ཏུ་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་གིས་མནར་ཞིང་། ཚོགས་བསགས་སྡིག་སྤོང་གི་ལས་ལ་རྩེ་གཅིག་ཏུ་གཞོལ་བ་མ་ཟད། གཤེན་གྱི་ཞལ་སྐྱིན་སྐུ་གཟུགས་གསུང་རབ་སྐུ་གདུང་མཆོད་རྟེན་གསས་ཁང་སོགས་ལ་ཕྱག་དང་སྐོར་བ། སྙིང་པོ་བཟླས་བརྗོད། སྡོམ་པ་སྨྱུང་གནས་སོགས་ལ་བརྩོན་པ་རྒྱ་ཆེར་སྤེལ།

微信图片_20171001223141.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།