གདན་ས་ཅོང་རི་བྱ་དོར་གླིང་དུ་ཁྲི་འཛིན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཞུ་བཞིན་པ།

[ཟླ་ཚེས། 2017-09-26 15:27:18][རྩོམ་པ་པོ། ཞུ་ཚང་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506411086103964.jpg
1506411086107648.jpg

    སྐྱེ་རྒུ་ཡོངས་ཀྱི་མགོན་སྐྱབས་དམ་པ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་དོན་ལྟར། ཁྱུང་ཡུལ་ག་ངས་སུ་གནས་གཞིས་ཆགས་པའི་གདན་ས་ཅོ་རི་བྱ་དོར་གཡུང་དྲུང་གླིང་གི་སྡེ་དགོན་ཐུན་མོང་ནས་སྐྱབས་རྗེ་དམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་ཞུས་གནང་བ་རེད།

1506411086100203.jpg
1506411086121818.jpg

    དེ་ཡང་དགོན་འདི་ཡི་ཁྲི་འཛིན་རྩ་བའི་བླ་མ་གདན་ས་སྨན་རི་བའི་དགེ་བཤེས་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེའི་ལམ་སྟོན་དབུ་ཁྲིད་འོག  འདས་མཆོད་ཉིན་དང་པོར་དེར་ཡོད་འདུས་པ་རྒྱ་མཚོ་ཡོངས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་བདུན་དུ་མཉམ་མེད་བླ་སྒྲུབ་དང་། བསྟོད་པ་རྣམ་པར་རྒྱལ་བའི་ཁང་བཟང་སོགས་མཆོད་སྤྲིན་གྱི་རྒྱས་པ་ཕུལ་ཞིང་། དགོངས་ཞག་ཞག་གསུམ་གྱི་རིང་ལ་མགོན་པོ་གང་གི་ཐུགས་དགོངས་རྫོགས་ཕྱིར། སྐུ་ཞི་བར་མ་གཤེགས་གོང་གི་ཞབས་བརྟན་སྐུ་རིམ་ཁག་ནས་རྒྱལ་ཡུམ་བྱམས་མའི་བསྔགས་བསྟོད་འབུམ་གཅིག་དང་། ཞག་གསུམ་ཉིན་མོར་དགོང་མོའི་དུས་ཚོད་བཅུ་གཅིག་བར་དུ་ཚོགས་འཁོར་དང་སྨོན་ལམ་གྱི་ཡན་ལག་རྣམས་རྒྱས་པར་སྒྲུབ། 

1506411086159690.jpg

   བདུན་ཚིགས་དང་པོ་དང་གཉིས་པར་མཉམ་མེད་བླ་སྒྲུབ་དང་མ་རྒྱུད་རྒྱལ་བ་རྒྱ་མཚོའི་ལས་ཚོགས་རྒྱས་འབུལ་ཞུས་ཤིང་གདུང་སེམས་ཀྱི་མྱ་ངན་གྱི་སྒོ་ནས་དགོངས་རྫོགས་མཆོད་འབུལ་གྱི་དགེ་སྒྲུབ་གང་ལེགས་ཞུས་གནང་བ་དང་ཉིན་བདུན་གྱི་རིང་ལ་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་གནང་བ་རེད།  སླད་ཕྱིན་བདུན་ཚིགས་སོ་སོར་ཐོག་གསས་མཁར་རིན་པོ་ཆེ་སྤྱི་སྤུང་ཞི་ཁྲོའི་ལས་ཚོགས་དང་། མ་རྒྱུད་རྒྱལ་བ་རྒྱ་མཚོ། མཉམ་མེད་བླ་སྒྲུབ་སོགས་ཀྱི་ཚོགས་མཆོད་རྒྱས་འབུལ་ཞུ་རྒྱུ་དང་། དགོངས་ཞག་ཞེ་དགུའི་རིང་དགོང་མོར་བླ་གྲྭ་འདུས་པ་རྒྱ་མཚོ་ཡོངས་ནས་བོན་སྐུའི་སྨོན་ལམ་དང་། བླ་མ་རིན་པོ་ཆེ་མཆོག་ནས་དགོན་ཞབས་ཀྱི་འོག་སྡེ་རྣམས་ལ་དགེ་སྒྲུབ་སྡིག་སྤང་གི་གསུང་གདམས་གནང་དང་གནང་བཞིན་པ་སོགས་ཀྱིས་གནས་བསྡུས་སུ།  

1506411086941105.jpg

ཞུ་ཚང་བས། ༢༠༡༧/༩/༢༦ཉིན་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།