རྫ་ཁྲོ་ཚངས་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-24 20:02:47][རྩོམ་པ་པོ། རྫ་ཁྲོ་ཚངས་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506254635460655.jpg
1506255256192352.jpg

   ཞྭ་དཀར་བསྟན་པའི་རྒྱུད་འཛིན་སྤྱི་དང་།  དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་པ་ཡོངས་ཀྱི་སྙན་ལ་དུ་གུས་པའི་གསོལ།    ད་ལན་བསྟན་པ་སྤྱི་དང་། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སྤྱི་ལོ་༼༢༠༡༧.༩.༡༤ཉིན་ལ་གདུལ་བྱའི་འགྲོ་དོན་རེ་ཞིག་རྫོགས་ཏེ་དགོངས་པ་བོན་དབྱིངས་སུ་འཐིམ་པའི་གནས་ཚུལ་གོ་ཐོས་བྱུང་འཕྲལ།  

1506254635222732.jpg
1506254635932670.jpg

   འདི་གའི་ཁྲོ་དགོན་སྐྱ་སེར་ཡོངས་ནས་ཡིད་ཕམ་འགྱོད་གདུང་ཕངས་སེམས་བཟོད་མེད་གདུང་ཤུགས་དྲག་པོ་བཅས་མྱ་ངན་གུས་འདུད་ཞུ་བཞིན་གདུང་སེམས་མཉམ་བསྐྱེད་དང་།    མགོན་པོ་ཁང་གི་བཀའ་དྲིན་རྗེས་དྲན་དང་འབྲེལ་ཏེ།   ཁྲོ་དགོན་སྐྱ་སེར་ཡོངས་ཀྱི་ངོས་ནས།   ཚོགས་བསགས་སྒྲིབ་སྦྱོངས་སྐོར་ཡོད་རིགས།  ཚོགས་འཁོར་བསྐོར་བ་དང་།   མར་མེ་འབུལ་བ།    མཆོད་འབུལ་ཟབ་རྒྱས་ཚོགས།   དེ་མིན་སྲོག་བླུ།   ཕྱག་དང་སྐོར་བ།     ད་དུང་མང་པོ་ཞིག་གིས་ཚེ་གཅིག་དང་།  ཡང་ན་ལོ་གཅིག    རིན་པོ་ཆེ་གཆོག་གི་ཞེ་དགུ་ཚེ་ལ་ཤ་མི་ཟ་བ་དང་ཁ་འདོན་རིགས་ཁས་ལེན་དམ་བཅའ་སྟེ། མདོར་ན་དགེ་སྒྲུབ་སྡིག་སྤོང་ཅི་ནུས་གང་ལྕོགས་འབད་བརྩོན་ལྷོད་མེད་ཞབས་ཕྱི་ཞུ་འོ།།     

1506255256131328.jpg

ཞེས་རྫ་ཁྲོ་ཚངས་དགོན་བདག་གཉེར་དོ་དམ་ཨུ་ཡོན་ལྷན་ཁང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།