ཁམས་ཉག་རོང་མི་ནུབ་དགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-24 13:07:10][རྩོམ་པ་པོ། མི་ནུབ་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506229876119155.jpg
1506229876131018.jpg

༄༅།།  ད་ལན་སྤུ་རྒྱལ་བོད་ཀྱི་སྐྱེས་ཆེན་དམ་པ་བོད་མི་རིགས་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ནོར་མཆོག་ཞང་བོད་ཤེས་རིག་གི་ཉིང་བཅུད་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་ཕྱོགས་བཅུར་ཁྱབ་པའི་སྐྱེས་མཆོག་རང་ཅག་བོན་འབང་ཡོངས་ཀྱི་ལྷ་སྐལ་རྒྱལ་གཤེན་བསྟན་པའི་སྲོག་ཤིང་མཉམ་མེད་བླ་མའི་ཞལ་ཚབ་འགྲོ་བ་ཀུན་གྱི་སྐྱབས་མགོན་མཁས་གྲུབ་བྱེ་བའི་གཙུག་རྒྱན་གྲུབ་མཐའི་རྒྱལ་བོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་སྙིགས་མའི་མུན་པ་སེལ་བའི་སྒྲོན་མེ་རྒྱལ་སྲས་གཡུང་དྲུང་སེམས་དཔའ་༧རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་༧བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་སྟོང་གསུམ་གཟི་འོད་འབར་བའི་ཕོ་བྲང་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་མཛད་པ་ལ།     

1506229876631921.jpg

   མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་མཆོད་སྤྲིན་དུ་༧རང་དགོན་དཔལ་གཤེན་བསྟན་མི་ནུབགཡུང་དྲུང་དར་རྒྱས་གླིང་གི་ཡུལ་དགོན་གཉིས་ནས་དེ་རིང་བཟུང་ཉིན་གསུམ་གྱི་རིང་ལ་བླ་མ་གྲྭ་ཚང་འདུས་པ་རྒྱ་མཚོས་མདོ་གཡུང་དྲུང་ཀློང་རྒྱས་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདེ་བར་གཤེགས་པ་སངས་རྒྱས་སྟོང་གི་མཚན་བརྗོད་པ་དང་སྨོན་ལམ་གདབ་པ་བླ་མ་མཆོད་པའི་ཆོ་ག་ལ་བསྟེན་ནས་དབང་བཞི་ལེན་པ་བླ་གྲྭ་མི་སྐྱ་ཕོ་མོ་ཡོངས་ནས་ཉིན་འདི་དག་གི་རིང་ལ་ཡར་དཀོན་མཆོག་ལ་མཆོད་པ་མར་རིགས་དྲུག་ལ་སྦྱིན་པ་གསོལ་འདེབས་སྨོན་ལམ་ཕྱག་དང་བསྐོར་བ་ཁ་དོན་དགེ་སྦྱོར་སོགས་དགེ་སྒྲུབ་སྡིག་སྤང་རྣམ་དཀར་དགེ་རྩ་བགྱི་དང་བགྱིད་བཞིན་པ་འདི་དག་གི་མཐུ་དང་དཔལ་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པའི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་གསོལ་བ་འདེབས་ལགས་སོ།།

1506229875647714.jpg

གཤེན་བསྟན་མི་ནུབ་གཡུང་དྲུང་དར་རྒྱས་གླིང་གི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཡུལ་དགོན་གཉིས་ཀས་གུས་འདུད་དང་བཅས་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།