ཁམས་ཟླ་ཁྱུང་དགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-24 00:04:03][རྩོམ་པ་པོ། ཟླ་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁམས་ཟླ་ཁྱུང་འོད་གསལ་མཐོང་གྲོལ་གླིང་གི་ཡུལ་དགོན་གཉིས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ངང་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་གདུང་མཆོད་ཕུལ་བ།
1506182890323986.jpg

   ད་ལེན་གྱི་སྐབས་འདིར་རང་རེའི་བོན་འབངས་ཡོངས་ཀྱིས་ཡིད་ལ་བཟོད་དཀའ་བའི་ཕམ་ཁ་ཆེན་པོ་སྟེ།   འཛམ་གླིང་བོན་འབངས་ཡོངས་ཀྱི་སྐྱབས་མགོན་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་    སྤྱི་ལོ་  ༢༠༡༧ ཟླ་བ་ ༩ ཚེས་ ༡༤་ ཉིན་དགོངས་པ་བོན་དབྱིངས་སུ་ཐིམ་ཚུལ་བཞེས་པའི་གནས་ཚུལ་ཐོས་ཕྲལ་མགོན་པོ་གོང་གི་སྐྱབས་འོག་ཏུ་ཚུད་པའི་ངེད་ཅག་ཁམས་ཟླ་ཁྱུང་དགོན་གྱི་ཡུལ་དགོན་གཉིས་ཀྱིས་མྱ་ངན་གདུང་མཆོད་འབུལ་རྒྱུའི་དབུ་འཛུགས་ཏེ།    

  1506182890430920.jpg

   ཟླ་ཁྱུང་འོད་གསལ་མཐོང་གྲོལ་གླིང་གིས་གཅན་ལྔ་རིན་ཆེན་བཏེགས་པའི་ཁྲི་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་བཀོད་ནས་དེའི་མདུན་དུ་མཆོད་པ་རྣམ་ལྔ་དང་ཚོགས་འཁོར་སོགས་མཆོད་སྤྲིན་ལེགས་པར་བཤམས།    ཡུལ་དགོན་གཉིས་ཀྱི་ གསོལ་འདེབས་དང་ཚོགས་འཁོར་སོགས།  དགེ་སྒྲུབ་སྡིག་སྤང་སོགས་ཚོགས་བསགས་རྒྱ་ཆེ་པོར་སྒྲུབ། 

1506182890887444.jpg

   ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་བ་དང་གསོལ་བ་འདེབས་པ་སོགས་ཀྱི་མཇལ་དར་ཕུལ།  བདག་སོགས་འགྲོ་བ་ཀུན་རྗེ་བླ་མའི་བརྩེ་ཆེན་ཡེ་ཤེས་ཀྱི་ཀློང་ནས་མི་འདོར་ཞིང་ཚེ་རབས་ནས་ཚེ་རབས་ཀུན་ཏུ་འབྲལ་མེད་གསོལ་བ་སྨོན་ལམ་རྩེ་གཅིག་བཏབ་པ་ལགས་སོ། །

1506182890504504.jpg

སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་བཀའ་དྲིན་གཞལ་མཐའ་བྲལ་བ་དག་དྲན་བཞིན་པའི་ངང་ནས་སྤྱི་ལོ་ ༢༠༡༧་ ཟླ་བ་ ༩་ ཚེས་ ༢༣་ ཉིན་ཟླ་དགོན་འདུས་སྤྱི་ནས་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།