མཚོ་ལྷོའི་ཆབ་ཆ་དུང་དཀར་དགོན་པས་མྱ་ངན་གདུང་མཆོད་ཞུས་པ།

[ཟླ་ཚེས། 2017-09-23 20:32:00][རྩོམ་པ་པོ། དཔལ་འབྱོར་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 微信图片_20170923193812.jpg

མཚོ་སྔོན་གྱི་བྱང་བརྒྱུད་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་གིས་མྱ་ངན་གདུང་མཆོད་ཞུས་པ།

     སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་གིས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་མཆོག་སྨན་རིའི་བླ་བྲང་དུ་སྤྱི་ལོའི་ཟླ་ཚེས༢༠༡༧-༩-༡༤ཉིན་གྱི་ཕྱི་དྲོར་དགོངས་པ་ཞི་དབྱིངས་སུ་རྫོགས་པར་མྱ་ངན་གདུང་མཆོད་ཞུས་པ།

   微信图片_20170923193802.jpg微信图片_20170923193727.jpg

     སྤྱི་གཙུག་ནོར་བུའི་གཟུགས་སྐུ་མཆོག་གཡོ་བ་མེད་པའི་ཐུགས་དམ་གྱི་ངང་ནས་ཞི་དབྱིངས་སུ་གཤེགས་རྗེས། སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཡོངས་འཛིན་གཙོས་བླ་མ་མཁས་ཆེན་དང་བན་བོན་གྱི་གདན་ས་སོ་སོ་ནས་འཚམས་ཞུའི་ཐུགས་སྨོན་འབྱོར་འདུག་པ་དང་། འབྲེལ་ཡོད་ལྷ་འབངས་དང་བོན་དགོན་ཁག་ཏུ་བློ་ཕམ་དང་བཅས་མྱ་ངན་གདུང་མཆོད་ཀྱི་ཆོ་ག་བཟུང་སྟེ་གང་གི་ཐུགས་དགོངས་རྫོགས་པའི་མཐུན་འགྱུར་བསྔོ་སྨོན་ཞུས་དང་ཞུ་བཞིན་པའི་སྒང་འདིར། མདོ་སྨད་བྱང་བརྒྱུད་ཀྱི་འདུལ་དགོན་སྨིན་གྲོལ་དུང་དཀར་གླིང་གི་བསླབ་གསུམ་འདུས་པ་རྒྱ་མཚོ་གཙོས་དད་ལྡན་ལྷ་འབངས་དང་བཅས་པས་མ་བསྐུལ་དང་བླངས་ཀྱི་ངོས་ནས་སྤྱི་ཟླའི་ཚེས9-17ལ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དང་འབྲེལ་ཏེ།

微信图片_20170923193822.jpg微信图片_20170923193828.jpg

     དུས་གསུམ་དུ་བསགས་པའི་དགེ་ཚོགས་མཚན་བཅས་དང་མཚན་མེད་ཀྱིས་བསྡུས་པ་ཐམས་ཅད་ཡོངས་སུ་བསྒྲིལ་ཞིང་གླིང་བཞིའི་དཔུང་གཉེན་དམ་པ་ཉིད་ཀྱི་སྐུ་དྲིན་རྗེས་སུ་དྲན་བཞིན་དུ་དད་ཤུགས་དྲག་པོས་གསོལ་སྨོན་རྣམ་དག་དང་བཅས།

 微信图片_20170923193817.jpg微信图片_20170923193758.jpg

     གཤེན་བཙུན་དཔལ་འབྱོར་ཉི་མ་རུ་འབོད་པ་ཡིས་མདོ་སྨད་བྱང་རྒྱུད་ཀྱི་འདུལ་དགོན་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་གི་ཚབ་བྱས་ཏེ་ཐུགས་སྨོན་ཞུ་འབྲས་སུ་སྤེལ་བ་དགེ་ལེགས་འཕེལ་གྱུར་ཅིག 2017-9-17 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།