དགེ་ལས་ཚོགས་པས་དགོངས་རྫོགས་དགེ་བསྐུལ་གནང་བ།

[ཟླ་ཚེས། 2017-09-23 10:11:58][རྩོམ་པ་པོ། དགེ་ལས་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506132786116839.jpg

༧  ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལས་སྣེ་ལྷན་རྒྱས་ཀྱི་དྲུང་དུ།

                ཆེད་ཞུ།  ཁམས་གསུམ་འགྲོ་བའི་སྒྲོན་མེ་གཡུང་དྲུང་བོན་གྱི་བསྟན་བདག་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་རེ་ཞིག་གདུལ་བྱ་རྟག་འཛིན་རྣམས་སུན་ཕྱུང་བའི་ཕྱིར་དགུང་གྲངས་༨༩བཞེས་མཐར།  སྐུ་མཆོག་ཆ་ལུགས་ལྔ་ལྡན་གྱི་ངང་ཐུགས་དཀྱིལ་མི་གཡོ་བོན་སྐུའི་ཀློང་དུ་དགོངས་པ་ཞིང་གཞན་དུ་གཤེགས་ཞེས་གནས་ཚུལ་མི་སྙན་པ་དེ་ཐོས་འཕྲལ།  རྗེས་འཇུག་པ་ང་ཚོ་བཟོད་པའི་གླགས་མི་རྙེད་པའི་སྐྱོ་གདུང་དང་བློ་ཕམ་པའི་ངང་ནས་ངེད་དགེ་ལས་ཚོགས་པས་དམངས་སྒོར་༣༠༦༨༠།  རྟ་ཟོག་ཚེ་ཐར་༣༥༨། མཆོད་མེ་འབྲི་མར་རྒྱ་མ་༨༢༤་༢།  ཆུར་བ་རྒྱ་མ་༢༢༧་༣། རྩམ་པ་རྒྱ་མ་༡༠༨༩་སོགས་ཀྱིས་ཡར་མཆོད་མར་སྦྱིན་གྱི་དགེ་ལས་བྱས་ཟིན་པ་དང་དེ་མིན་ཕྱག་དང་སྐོར་བ་སྙིང་པོ་རྣམ་གསུམ་དཀར་ཟས་གསོལ་འདེབས་སོགས་ཁས་བླངས་མཛད་མཁན་གྱི་མིང་གྲངས་བརྗོད་ལས་འདས་པ་ཞིག་ཡོད་པ་མ་ཟད་དམངས་སྒོར་༡༦༠༠་རྒྱ་གར་སྨན་རི་དགོན་ལ་མཆོག་གི་དགོངས་རྫོགས་ཀྱི་ཞལ་འདེབས་སུ་ཕུལ་ཡོད་ལགས།། 

1506132786912919.jpg

    ཞེས་དགེ་ལས་ཚོགས་པའི་ཚོགས་གཙོ་བབ་བཟོ་མདའ་ཆེན་དགོན་པའི་གྲྭ་བ་ཤེས་རབ་རབ་གསལ་ནས་སྤྱི་ལོ་༢༠༡༧ཟླ་བ་༩་ཚེས་༢༡་ཉིན། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།