མཛོད་དགེ་བསམ་འགྲུབ་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-23 10:01:58][རྩོམ་པ་པོ། བསམ་འགྲུབ་དགོན་དོ་དམ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506132316388017.jpg
1506132316290163.jpg
ཨེ་མ་ཧོ།

རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།།

མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ།།

ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།།

ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།

1506132316889639.jpg
1506132316545212.jpg

   ཞེས་གསོལ་འདེབས་ཕུལ་བས་མདུན་བསུས་ཏེ་འདིར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་ཞི་བར་གཤེཊ་ནས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་མཛད་པར་༧ མཆོག་སྤྲུལ་མཁས་གྲུབ་དཔལ་བཟང་མཆོག་གི་ཐུགས་བཀོད་ལྟར། སྐྱོ་གདུང་དྲག་པོའི་མྱ་ངན་དང་བཅས་མདོ་སྨད་འཕན་ཆུ་བབ་བཟོ་གཡུང་དྲུང་བསམ་འགྲུབ་དགོན་པའི་སེར་སྐྱ་མང་ཚོགས་ནས་མྱ་ངན་ཞུ་ཞིང་གདུང་མཆོད་ཕུལ་བ་དང་། སླར་ཡང་བསྟན་འགྲོའི་དོན་དུ་མ་ངེས་སྤྲུལ་བའི་སྐུ་རུ་བཞེངས་ནས་མུ་མཐུད་དུ་འགྲོ་དོན་རྒྱ་ཆེར་མཛད་པའི་རེ་འདུན་བཅོས་མིན་དང་བཅས།།

1506132316640872.jpg


བསམ་འགྲུབ་དགོན་དོ་དམ་ལྷན་ཚོགས་ནས།།

༢༠༡༧-༩-༡༩

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།