རི་དམར་དགོན་བླ་གྲྭ་སེར་སྐྱ་ཡོངས་ནས་༧མཁན་རིན་པོ་ཆེའི་གདུང་མཆོད་བརྩི་སྲུང་ཞུས་པ།

[ཟླ་ཚེས། 2017-09-21 19:19:18][རྩོམ་པ་པོ། ཟིལ་ཐིགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170921191128.jpg

རི་དམར་དགོན་བླ་གྲྭ་སེར་སྐྱ་ཡོངས་ནས་༧སྐྱབས་རྗེ་མཁན་རིན་པོ་ཆེའི་གདུང་མཆོད་བརྩི་སྲུང་ཞུས་པ།

微信图片_20170921191137.jpg

དེ་རིང་སྤྱི་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་ཁྱུང་ཡུལ་རི་དམར་སྐལ་བཟང་གླིང་གི་བོན་གཤེན་བླ་གྲྭ་ཁག་གི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་རྒྱས་པ་དག་འདོན་གནང་སྟེ། དཔལ་ལྡན་གཤེན་གྱི་མགོན་སྐལ་མི་རྗེ་སྨན་རི་བའི་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་ཆེད་དུ་གདུང་མཆོད་ལ་བརྩི་སྲུང་ཞུས་ཏེ། 

微信图片_20170921191311.jpg

མགོན་པོ་གང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མདུན་དུ་ཚངས་རྒྱུང་གི་བཀོད་པ་ཚང་བའི་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ཕུལ་ཞིང་བོན་མི་ནུབ་པའི་བརྡ་རྟགས་གཡུང་དྲུང་ཆག་ཤིང་གཙོས་པའི་མཛེས་ཤིང་ཡིད་དུ་འོང་བའི་མཆོད་པ་རྣམ་ལྔ་གྲལ་དུ་གཤམ། 

微信图片_20170921191145.jpg

མཐར་དགོན་གྱི་ལྷ་སྡེ་མང་ཚོགས་རྣམས་ཀྱི་སྐུ་པར་རིན་པོ་མཇལ་ཁ་ཞུས་ནས། རང་ནུས་གང་ལྕོག་གིས་དགེ་བའི་ལས་གང་འགྲུབ་དང་སྡིག་པ་ཕྲ་མོ་ཡིན་ཡང་སྤང་ཅི་ཐུབ་ཀྱི་དམ་བཅའ་ཞུས་ནས་མཇུག་གྲུབ་སོང་།

 微信图片_20170921191141.jpg

微信图片_20170921191132.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།