གཤེན་ཁྲི་བརྟན་ནོར་རྩེ་ནས་དགོངས་རྫོགས་འཚོགས་པ།

[ཟླ་ཚེས། 2017-09-20 23:01:09][རྩོམ་པ་པོ། ཉི་མ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505919871881764.jpg

1505919871662689.jpg

  དུས་གསུམ་རྒྱལ་བ་ཀུན་གྱི་རྒྱལ་ཚབ་རང་ཅག་སྐལ་ལྡན་ཡོངས་ཀྱི་འདྲེན་པ་ཆེན་པོ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་  གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་དགོངས་པ་བོན་དབྱིངས་སུ་ཐིམ་ཚུལ་མཛད་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་ཕྲལ།  

1505919871491724.jpg

1505919871863260.jpg 

   འདིར་དམུ་རིགས་གཤེན་གྱི་གདན་ས་ རི་རྒྱལ་དགོན་ཁྲི་བརྟན་ནོར་བུའི་རྩེ་དང་གཤེན་གྱི་ཕོ་བྲང་གསེར་སྒོ་ཁྲ་མོ་འདུས་སྤྱི་ནས་   རྒྱལ་བ་གཤེན་སྲས་རིན་པོ་ཆེའི་ཐུགས་དགོངས་དང་རྩ་ཆེའི་བཀའ་སློབ་ལམ་སྟོན་གནང་བྱུང་བ་ལྟར་གདུང་སེམས་མཉམ་བསྐྱེད་ཀྱིས་དགོངས་རྫོགས་མྱ་ངན་མཆོད་འབུལ་དང་། ཉིན་གསུམ་རིང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཏེ་མཆོད་པ་རྒྱས་པ་གཞུང་བསྲང་རྒྱུ་དང་།  དེ་རྗེས་མུ་ཐུད་དེ་སྤྱི་སྤུངས་ཞི་ཁྲོའི་ཁྲི་མཆོད་ཀྱི་མཆོད་སྤྲིན་རྒྱས་འབུལ་གྱིས་གཙོས་པའི་གདུང་འདེབས་མཆོད་འབུལ་ཞུ་བཞིན་ཡོད་ལ།  དད་ལྡན་ཡོངས་ནས་ཀྱང་ནུས་ཤུགས་གཅིག་ཏུ་བསྡུས་ཏེ་རྗེ་བླ་མ་རིན་པོ་ཆེའི་དགུང་མཆོད་ཀྱི་དུས་ཚོད་ཞག་མ་ཞེ་དགུའི་རིང་དགེ་སྒྲུབ་སྡིག་སྤོང་དང་རྣམ་དཀར་ཀྱི་བྱ་བ་རྒྱ་ཆེར་བསྒྲུབ་ཏེ་དམ་པ་གང་གི་བླ་ན་མེད་པའི་བཀའ་དྲིན་མཚོན་པར་བྱེད་རྒྱུ་གལ་ཆེའོ་ཞེས་དགེ་བསྐུལ་ཡང་ཞུ་བཞིན་ཡོད་ལ། 

1505919872863346.jpg

1505919871615741.jpg

   རྗེ་བདག་ཉིད་ཆེན་པོའི་བྱིན་རླབས་དང་ཚོགས་བསག་དགེ་སྒྲུབ་བཟང་པོའི་ནུས་མཐུ་ཡིས་བདག་ཅག་འགྲོ་རྣམས་ནམ་ཡང་འབྲལ་བ་མེད་པར་ཐུགས་རྗེས་བཟུང་བའི་སྨོན་པ་ཡང་དག་གི་རྒྱས་འདབ་པར་བྱའོ།                            

  ཞེས་དཔལ་ལྡན་གཤེན་གྱི་གདན་ས་གསས་ཁང་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་ཁྲི་བརྟན་ནོར་བུའི་རྩེ་འདུས་སྤྱི་ནས་ཟླ་    པའི་ཚེས་  ༡༥  ཉིན།།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།