རབ་ལེགས་གཡུང་དྲུང་གླིང་ནས་དགོངས་རྫོགས་མཆོད་འབུལ་ཞུས་པ།

[ཟླ་ཚེས། 2017-09-20 21:52:40][རྩོམ་པ་པོ། གྱེར་བློ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་གྱི་གདན་ས་འོག་མ་༧རབ་ལེགས་གཡུང་དྲུང་གླིང་དུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་རྫོགས་མཆོད་འབུལ་ཞུས་པ།    

1505915763374720.jpg

1505915763958748.jpg


བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་ངམ་མཚན་ཡོངས་སུ་གྲགས་པ་༧རུ་ལག་གཡུང་དྲུང་གླིང་དགོན་གྲྭ་ཚང་འདུས་སྤྱི་ནས།   རང་ཅག་ ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧དཔལ་རྒྱལ་བ་སྨན་རི་བའི་༧སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ་མཆོག་བྱེས་ཀྱི་༧གདན་ས་ཆེན་མོ་གཤེན་བསྟན་བཀྲ་ཤིས་སྨན་རི་གླིང་གི་བླ་བྲང་དུ་ཕྱི་ལོ་ ༢༠༡༧ ཟླ་ ཚེས་ ༡༤ ཕྱི་དྲོའི་ཆུ་ཚོད་ དང་སྐར་ ༢༥ ཐོག་ཐུགས་དམ་གཡོ་མེད་ཀྱི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་ཞེས་ཡིད་སྐྱོའི་གནས་ཚུལ་གློ་བུར་བ་ཞིག་དྲ་ལམ་དུ་མཐོང་ཐོས་བྱུང་འཕྲལ་རེ་ཞིག་ད་ཕྲུག་མས་བོར་བ་བཞིན་ཅི་བྱ་ཏོལ་མེད་ཀྱི་གནས་སུ་གྱར།

1505915763417967.jpg

1505915763125730.jpg

      ཕྱི་ལོ་༢༠༡༧ ཟླ་༩ ཚེས་༡༦ ཉིན།     ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་འདི་གའི་གྲྭ་ཚང་འདུས་པ་རྒྱ་མཚོ་ཡིས།    མགོན་པོ་གོང་ཉིད་སྐུ་འཚོ་བཞུགས་སྐབས་བོན་བསྟན་སྤྱི་དང་ལྷག་དོན་དུ་རྒྱལ་བ་མཉམ་མེད་བླ་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སོགས་ཕྱོགས་ཐད་ལ་བྱས་རྗེས་ནུབ་མེད་བཞག་པ་ལགས་ཕྱིར།      སྐུ་ཉིད་ཀྱི་གདུལ་ཞིང་བསྟན་འགྲོའི་དོན་ཆེན་མཐར་ཕྱིན་པའི་སླད་དུ་དགོངས་རྫོགས་མཆོད་འབུལ་གྱི་སྟ་གོན་དུ་ཚོགས་ཆེན་འདུ་ཁང་དུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བཅའ་བཟོ་གནང་བ་མ་ཟད།      བླ་བྲང་གྲུབ་ཆེན་ལྷ་ཁང་མདུན་དུ་རྗེས་དྲན་གསོལ་འདེབས་མཆོད་འབུལ་བྱེད་གནས་གཙང་སྦྲ་ཕྱག་བརྡར་ལེགས་པར་བྱས་རྗེས།     བཞུགས་ཁྲི་བརྩེགས་ཏེ་ཟ་འོག་གི་འབོལ་གདན་སུམ་བརྩེགས་བླ་བྲེ་དང་རྒྱབ་ཡོལ་ས་གདན་སོགས་དགོས་དགུའི་མཆོད་རྫས་ཕུན་སུམ་ཚོགས་པར་བསོག་ལ་བཞག     

1505915763847855.jpg

1505915763996271.jpg

  ཕྱི་ཉིན་ཟླ་༩ཚེས་༡༧ ཉིན།     ཞོག་པ་ཆུ་ཚོད་༧ ༠༠ པའི་ཐོག་ཚོགས་དུང་གཏོང་བ་དང་ཆབ་ཅིག་གྲྭ་མང་འདུས་པ་རྒྱ་མཚོས་རང་མཐུན་འདུལ་ཆས་ན་བཟའ་ཚང་བར་བསྣམས་ཏེ་ཚོགས་ཁང་དུ་སྒྲིགས་ཞུགས་མཐོ་དམན་ལྟར་གདན་ལ་བཞུགས་ཏེ།     ཐོག་མར་བདེ་ཆེན་རྒྱལ་པོ་ཚར་གསུམ་དང་ཚར་གཅིག་དབྱངས་ལ་གྱེར།     དེ་ནས་སྤྱི་ལྟར་མཎྜལ་ཡན་ལག་འཇུག་ཏུ་དྲིན་ཅན་རྩ་གྱེར་མཛད།         དེ་ནས་འཕྲིན་ལས་བཅོ་བརྒྱད་ཀྱི་དང་པོ་ས་སླང་ནས་བཟུང་།     དཀྱིལ་འཁོར་རྣམ་པ་གསུམ་གྱིས་སྒོས་མཆོད་སྦྱིན་གྱི་རྫས་སོགས་དག་པ་རྣམ་དྲུག་གི་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་པར་བྱས་ལ།     འཕྲིན་ལས་གོ་རིམ་ཀུན་མཁྱེན་ཉི་མའི་ཕྱག་ལེན་དུས་ཆེན་བཅའ་སྒྲིག་ཟིན་རིན་ལྟར་བཏང་སྟེ།    

1505915763680805.jpg

1505915764356260.jpg

   དགོང་མོའི་ཆུ་ཚོད་༩ སྐར་༣༠ཐོག་སྔ་ཉིན་མཆོད་པ་གྲབ་གསོགས་བྱེད་སར་ཕེབས་ཏེ།      ཁོང་གི་སྐུ་དཔར་མཐོང་བ་རང་གྲོལ་ཁྲི་ཐོག་ལ་བཞུགས་སུ་གསོལ་ཏེ།      སྐུ་གསུང་ཐུགས་རྟེན་དང་། བླ་མེད་མཆོད་པའི་ཡོ་བྱད་མཎྜལ་རྣམ་པ་ལྔ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་རྫས་དུ་མ་སྒོ་གསུམ་བརྩེ་གཅིག་དད་པས་ཕུལ་ཏེ།   གྲྭ་ཚང་འདུས་པ་རྒྱ་མཚོ་ནས།   བྲུ་འདུལ་བ་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པ་གྱེར་ལེན་བྱས།         དེ་ནས་གདན་ལ་བཞུགས་ནས་ཚེ་དབང་སྨོན་ལམ་དང་སྨོན་ལམ་རྣམ་གསུམ་སོགས་དལ་བུར་གསུངས།    དེ་རྗེས་མར་མེའི་མཆོད་པ་དུ་མ་བལྟམས་ཏེ།     འཛམ་བུ་གླིང་དུ་དང་ཁོང་གི་གསོལ་འདེབས་དད་མོས་དྲག་པོས་གདུང་འབོད་ཀྱིས་དབྱངས་སུ་གྱེར་བཞིན་མཆོད་པའི་རྣམ་གྲངས་དུ་མར་ཕུལ་བ་ལགས་སོ།།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།