ཧོར་བྲག་འགོ་གཞི་རིང་དགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-20 15:34:28][རྩོམ་པ་པོ། བྲག་འགོ་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505892930740361.jpg

1505892931114305.jpg

 2017ལོའི་ཟླ་བ་9པའི་ཚེས་14ཉིན་གྱི་ཕྱི་དྲོ་དུས་ཚོད་6དང་སྐར་མ་25་ཡས་མས་སུ་ལྷོ་གླིང་གསལ་བའི་སྒྲོན་མེ་ཞིག་འཇིག་རྟེན་འདི་ནས་གཟིམས་སོང་། དེ་ནི་འཛམ་གླིང་བོན་གྱི་དེད་དཔོན་ཆེན་མོ་གོང་ས་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་པའི་ཉི་མ་དཔལ་བཟང་པོའི་སེམས་ཅན་གྱི་འགྲོ་དོན་མཐའ་རུ་ཕྱིན་ནས་མ་རིག་རྟག་འཛིན་ཅན་རྣམས་རྟག་འཛིན་གྱི་མདུད་པ་ལས་གྲོལ་བའི་ཕྱིར་དུ་རེ་ཞིག་མཉམ་བཞག་གི་ཀློང་ནས་དགོངས་པ་བོན་དབྱིངས་སུ་བྱིངས་སོང་། 

1505892931101684.jpg

1505892930140916.jpg

   ཁོང་གི་གཟུགས་སྐུ་བོན་དབྱིངས་སུ་ཐིམས་པ་ནི་སྤྱིར་གཡུང་དྲུང་བོན་ལ་གྱོང་གུད་ཅིག་ཡིན་པར་མ་ཟད་འགྲོ་བ་རིགས་དྲུག་ལའང་གྱོང་གུད་ཆེན་པོ་ཞིག་ཡིན་པ་སྨོན་ཅི་དགོས། ཁོང་སྐུའི་མི་རྟག་ཚུལ་བསྟན་པའི་དུས་འདིར་སྨན་རིའི་མཁན་ཆེན་གྱི་སྐུ་པར་མཐོང་བ་རང་གྲོལ་གྱི་དྲུང་དུ་ངེད་དཔལ་གཤེན་བསྟན་གཡུ་རི་དགོན་བཀྲ་ཤིས་སྨིན་གྲོལ་གླིང་གི་གོང་ན་འདུས་པའི་མཁའ་སྤྱོད་བདེ་ཆེན་རི་ཁྲོད་ཀྱི་རབ་བྱུང་མ་ཡོངས་རྫོགས་དང་། བར་གཡུ་དགོན་དུ་གནས་པའི་བླ་གྲྭ་དང་ཞང་བོད་རྫོགས་ཆེན་སློབ་གླིང་གི་སྒྲུབ་པ་ཉམས་ལེན་པ།

1505892930137572.jpg

   འོག་ཏུ་བཏབ་པའི་གཡུ་རི་བྱམས་བརྩེ་སློབ་གླིང་གི་སློབ་མ་དང་མི་སྡེ་ལྷ་སྡེ་བཅས་ཀྱིས་རྣམ་ལྔའི་མཆོད་པ་བཤམས་ཤིང་བར་དོའི་སྨོན་ལམ་དང་། ཚེ་དབང་སྨོན་ལམ། སེམས་ཀྱི་དད་མོས་དང་བཅས་་ངག་ནས་གསོལ་འདེབས་སུ་གྱེར་ཞིང་ལུས་ཀྱི་ལྷ་ཕྱག་འཚལ་བ་དང་མར་མེ་གྲངས་མེད་ཅིག་དུས་གཅིག་ཏུ་སྒྲོན་ནས་ཉིན་དཀར་གྱི་རྟ་བདུན་དབང་པོ་འདྲ་བའི་འོད་སྣང་ལས་རྗེ་སྨན་རི་བའི་ཐུགས་རྗེ་དང་བཀའ་དྲིན་སྔར་ལས་ཀྱང་ཇེ་དྲན་ཇེ་གསལ་གྱིས་གདུང་མཆོད་ཞུས་པའི་གནས་ཚུལ་ཉུང་བསྡུས་ཤིག་སྤེལ་བ་དགེ། 

1505892931292487.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།