ཤར་བ་སྣང་ཞིག་ལྕགས་མདུད་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-20 11:54:45][རྩོམ་པ་པོ། སྣང་ཞིག་ལྕགས་མདུད་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505880074642464.jpg

1505880074863604.jpg

   དེ་ཡང་མདོ་སྨད་ཟིང་ཆུ་རྫོང་སྣང་ཞིག་ལྕགས་མདུད་དགོན་ནས་ ༧ འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ་ཆེན་པོའི་ཞལ་ཚབ། ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་དགོངས་རྫོགས་གདུང་མཆོད་འཚོགས་པ་སྟེ། 

   སྣང་ཞིག་ལྕགས་མདུད་དགོན་པའི་བསྟན་བདག་ལྕགས་མདུད་ཟླ་བ་རྒྱལ་མཚན་མཆོག་གི་བཀའ་བཀོད་གནང་ནས་དགོན་པའི་བླ་གྲྭ་ཡོངས་དང་དད་ལྡན་སེར་སྐྱ་མང་ཚོགས་དུ་མ་ཞིག་སྣང་ཞིག་ལྕགས་མདུད་དགོན་པའི་འཚོགས་ཁང་ནས་བླ་མ་མཆོད་པ་ལ་སོགས་ཀྱི་དགོངས་རྫོགས་འཚོགས་པ་དང་། 

   དེ་ནས་འཚོགས་ཁང་ཆེན་མོའི་མདུན་ནས་ ༧ སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་རྣམ་ལྔ་མཆོད་པ་སོགས་ཀྱི་མཆོད་སྤྲིན་དངོས་བཤམ་ཡིད་སྤྲུལ་གྱི་སྒོ་ནས་མཆོད་པ་ཕུལ་བ་དང་། དེ་ནས་བླ་གྲྭ་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་གདུང་མཇལ་གནང་བ་དང་། དེ་ནས་དགོང་མོ་མར་མེ་སྟོང་ཕྲག་དུ་མའི་མཆོད་པ་སོགས་ཕུལ་བའི་གནས་བསྡུས་ཙམ་ཞིག་སྣང་ཞིག་ལྕགས་མདུད་དགོན་དོ་དམ་ཁང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།