ཨ་མདོ་ཤར་པའི་བོན་པོའི་ཚོང་པ་ནས་རྗེ་སྨན་རིའི་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-20 11:01:14][རྩོམ་པ་པོ། མཁར་ཡགས་བསྟན་རྣམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505876785134289.jpg

  རྒྱལ་གཤེན་བསྟན་པ་རིན་པོ་ཆེ་ཤིན་ཏུ་ཉག་ཕྲ་བའི་དུས་སྐབས་འདིར། རང་གཞན་གྱི་གྲུབ་མཐའ་ལ་ཆགས་ཞེན་བྲལ་བའི་རིག་འཛིན་སེམས་དཔའ་ཆེན་པོའི་ངང་ཚུལ་འཛིན་མཛད་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་དུས་ཀྱི་གཉན་འཕྲང་འདིར་བསྟན་འགྲོའི་དོན་ཆེན་རང་ཉིད་འཕྲག་ལ་བཞེས་ཏེ་ད་བར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྐུ་ཚེའི་མཛད་པ་ཉི་འོད་ཀྱིས་རྒྱལ་ཁམས་ཀུན་ལ་ཁྱབ་པ་ལྟར་མཛད་རྗེས་རླབས་པོ་ཆེ་གནང་ཡོད་བའི་རྟིང་ལ། 

1505876785177936.jpg

1505876785490088.jpg

  ཉེ་ཆར་ཕྱི་ལོ་༢༠༡༧ཟླ་བ་༩་ཚེས་༡༤་ཉིན་སྟེ་བོད་མེ་བྱ་ལོའི་ཟླ་བ་བདུན་པའི་ཚེས་ཉེར་བཞིའི་ཉིན་རེ་ཞིག་གདུལ་བྱའི་རྟག་འཛིན་སུན་དབྱུང་ཕྱིར་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ཚུལ་མཛད་པས། ང་ཅག་ཤུལ་ལུས་གདུལ་བྱ་ཁྲི་མ་འབུམ་སེམས་ཕམ་ཡིད་སྐྱོོ་བའི་གནས་ཚུལ་བྱུང་བ་ལགས་ན། དེ་ལུགས་འདི་གར་ལྷ་ལྡན་ཉི་མའི་གྲོང་ཁྱེར་དང་གཞིས་རྩེར་ཡོད་པའི་ཨ་མདོ་ཟིང་ཆུའི་བོན་པོ་ཚོང་དཔོན་རྣམས་ཀྱིས་དད་དམ་ལྷོད་མེད་ངང་ནས་༸རྣམ་འདྲེན་དཔོན་གསས་བོན་གྱི་གོང་ས་༸སྐྱབས་རྗེ་སྨན་རི་བ་ཁྲི་འཛིན་སོ་གསུམ་པ་མཆོག་མཁའ་སྤྱོད་བདེ་བར་གཤེགས་ནས་དགུང་ཞག་གསུམ་པའི་ཉིན་༸གྲྭ་ས་གོང་མ་གཙང་བཀྲ་ཤིས་སྨན་རིའི་གླིང་དུ་༸རྗེ་མཉམ་མེད་ཆེན་པོའི་གསེར་ཁྲི་དང་སྐུ་གདུང་མདུན་ན་དངོས་འབྱོར་སྣ་ལྔ་མཆོད་སྤྲིན་ཟབ་རྒྱས་བཤམས་ཏེ་སྐུ་པར་མཐོང་བ་ཀུན་འདྲེན་གཅན་ལྔ་རིན་ཆེན་ཁྲིར་ལེགས་པར་བཀོད་ནས་གྲྭ་མང་འདུས་པ་བཅས་ཀྱིས་གདུང་ཤུགས་དྲག་པོས་ངང་དུ་གསོལ་འདེབས་ཕུལ་ཡོད་པ་དང་།

1505876785164510.jpg

1505876785102213.jpg

   དེ་བཞིན་གྲྭ་ས་བར་མ་དཔལ་ལྡན་མཁར་སྣ་དགོན། གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་བཅས་ན་ཡང་དེ་བཞིན་ནོ། ལྷ་ས་རང་དུ་གནས་པའི་ཟིང་ཆུའི་བོན་པོ་ཚོང་དཔོན་འགའ་ཤས་ཀྱིས་སྣང་གསལ་སྒྲོན་མེ་ཁྲི་སྟོང་མང་པོར་མཆོད་འབུལ་ཞུས་ཏེ་༸རྗེ་སྨན་རི་བའི་གདུང་མཆོད་བགྱིས་དང་བགྱིད་བཞིན་པར་ལགས་སོ།།

1505876988692596.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།