རྔ་ཡུལ་ཅོག་ལོ་དགོན་ནས་༧རྗེ་སྨན་རི་བར་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-20 10:31:39][རྩོམ་པ་པོ། ཤེས་རབ་བཟོད་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170919185103.jpg

གངས་ཅན་རིག་བརྒྱའི་ཁྲོད་ན་ཏོག་ལྟར་མཛེས་པ། སངས་རྒྱས་གཡུང་དྲུང་བོན་བསྟན་པའི་མངའ་བདག་ཆེན་མོ། གཞིས་བྱེས་བོན་འབངས་ཡོངས་ཀྱི་འགྲོ་བའི་ལྷ་སྐལ་གཅིག་པུ་༧དཔལ་ལྡན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གི་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་བྱུང་འཕྲལ། སྲིད་པའི་བརྡ་དར་ཆེན་མོ་མར་ཕབ་པ་དང་འདུ་ཁང་སྒྲུབ་ཁང་སོགས་ཀྱི་གསེར་ཏོག་དང་རྒྱལ་མཚན་སོགས་བཏུམ་ནས་ཡིད་གདུང་བྱས་པ་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས། གཤེན་སྲས་རིན་པོ་ཆེ་བཅས་ཀྱི་གསུང་འཕྲིན་ལྟར་དང་། སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གི་ཐུགས་བཀོད་བཞིན་ཅོག་ལོ་རྣམ་རྒྱལ་བསམ་གཏན་ནོར་བུའི་གླིང་གི་དད་ལྡན་སྐྱ་སེར་ཡོངས་ཀྱིས་དགོངས་རྫོགས་ཀྱི་མཆོད་འབུལ་ཞུས་དང་ཞུ་བཞིན་ཡོད།

 微信图片_20170919185013.jpg

དེ་ཡང་གྲྭ་ཚང་འདུས་བ་རྒྱ་མཚོ་ནས་མཉམ་མེད་བླ་སྒྲུབ་ཚོགས་འཁོར་དང་བླ་མ་མཆོད་པའི་ཆོ་ག སྨན་རི་བ་ཆེན་པོའི་གསོལ་འདེབས་སོགས་གསུངས་ནས་སྣང་གསལ་འོད་ཀྱི་སྒྲོན་མེས་མཆོད་པ་ཕུལ་བ་མ་ཟད་དད་ལྡན་སྐྱ་སེར་རྣམས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བཞིན་ཡོད་པ་དང་། སེར་སྐྱ་མང་ཚོགས་ཀྱིས་གདུང་མཆོད་ཕུལ་བ་ལས་དམངས་སྒོར་བཞི་སྟོང་ལྔ་བརྒྱ་ཐོབ་རྒྱལ་གསར་བའི་སྨན་རི་དགོན་དུ་གདུང་མཆོད་འཛིན་བྱེད་ལ་འབུལ་རྒྱུ་ཡིན་པ་བཅས་དགེ་བའི་ལས་ལ་འབད་བཞིན་ཡོད་དོ།། ཞེས་ཅོག་ལོ་དགོན་གྱི་འགན་འཛིན་པ་ཤེས་རབ་བཟོད་པ་ནས།

微信图片_20170919185057.jpg

微信图片_20170919185049.jpg

微信图片_20170919185111.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།