ཤར་རིན་སྤུངས་དགོན་ནས་དགོངས་རྫོགས་འཚོགས་པ།

[ཟླ་ཚེས། 2017-09-20 09:57:15][རྩོམ་པ་པོ། དགོན་པའི་དོ་དམ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505873091132378.jpg

1505873091102514.jpg

  ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་༢༠༡༧་༩་༡༤ཉིན་གདན་ས་ཆེན་མོ་སྨན་རིའི་གླིང་ནས་དགོངས་པ་བོན་དབྱིངས་སུ་སྐུ་གཤེགས་པའི་དགོངས་རྫོགས་སུ་མདོ་སྨད་ཟིང་ཆུ་རྫོང་ཁོངས་སུ་གནས་པའི་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་བླ་གྲྭ་འདུས་མང་ཡོངས་ནས་ ༧ བླ་མ་མཆོད་པ་དང་བསྟོད་པ་རྣམ་རྒྱལ་ཁང་བཟང་། སྐྱབས་རྗེ་མཆོག་གི་གསོལ་འདེབས་སོགས་ཀྱི་དགོངས་རྫོགས་འཚོགས་པ་དང་། 

   དད་ལྡན་མང་ཚོགས་ཡོངས་ནས་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་གསོལ་འདེབས་གྱེར་དབྱངས་ཀྱི་སྒོ་ནས་གསོལ་བ་གདབས་པ་དང་། སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་གྱི་མདུན་ནས་རྣམ་ལྔ་དང་མཆོད་རྫས་སྣ་ཚོགས་ཀྱི་མཆོད་སྤྲིན་བཤམས་པ་དང་། དེ་ནས་བླ་གྲྭ་སེར་སྐྱ་ཡོངས་ནས་སྐྱབས་རྗེ་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྐུ་གདུང་དངོས་ཀྱི་རང་བཞིན་གྱི་སྒོ་ནས་གདུང་མཇལ་གནང་བ་དང་། 



 དེ་ནས་དགོང་མོར་སྐྱ་སེར་ཡོངས་ནས་མར་མེ་ཁྲི་སྟོང་ཕུལ་ཏེ་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་དགོངས་རྫོགས་འཚོགས་པའི་གནས་བསྡུས་སུ་དགོན་པའི་དོ་དམ་ཁང་ནས


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།