ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-19 19:23:55][རྩོམ་པ་པོ། ཡར་མཁར་བསྟན་པ་སྨོན་ལམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

3.jpg55.png

༄༅།། ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནས་གདུང་མཆོད་ཕུལ་བ།

སྤྱི་ལོ་༢༠༡༧ལོར་སྤྱི་ཟླ་དགུ་པའི་ཚེས་༢༥ཉིན་གཡུང་དྲུང་བོན་གྱི་གཙུག་རྒྱན་༧སྐྱབས་རྗེ་སྨན་རི་ཁྲི་འཛིན་སོ་གསུམ་པ་དག་ཞིང་དུ་ཕེབས་པའི་གདུང་མཆོད་སྨོན་ལམ་ཀྱི་ཚབ་ཏུ། འདི་ག་སྨོན་རྒྱལ་བླ་བྲང་གི་འདུས་སྤྱི་ནས་སྨོན་རྒྱལ་བླ་མ་ནམ་མཁའ་དབང་ལྡན་དབུས་པའི་འདུས་ཚོགས་ཐུན་མོང་ནས་གསེར་གདུང་ཁང་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་སུ་གསོལ་ཏེ་རྣམ་ལྔའི་མཆོད་པ་དང་བསྟོད་པ་རྣམ་རྒྱལ་ཁང་བཟང་། མཉམ་མེད་བླ་སྒྲུབ། ཤར་རྫའི་བདེ་སྨོན་རྣམ་གསུམ་སོགས་གསུང་གི་མཆོད་པ་དང་།

 4.jpg5.jpg

དགུང་ཞག་རིང་དགེ་སྤེལ་ཉེས་འགོག་གི་བྱ་བར་འབད་པས་བསྐུལ་མ་དང་བླ་བྲང་གི་ཕྱི་ནང་གང་སར་མར་མེ་རྒྱལ་མཚན་སོགས་རྫས་ཀྱི་མཆོད་པ་དད་འདུན་སྨྲེང་ངག་ཚད་མེད་ཀྱི་མཆི་མའི་བརླན་བཞིན་གདུང་ཚོར་ཆེན་པོའི་ངང་ནས་གསོལ་བ་ཕུར་ཚུགས་སུ་བཏབས་པས་མགོན་པོ་གང་ཉིད་སྤྱིར་འགྲོ་བ་ལྷ་དང་བཅས་པའི་གཙུག་གི་རྒྱན་དང་ཡང་དགོས་སུ་འོ་ཅག་བོན་འབངས་ཀྱི་གདུལ་བྱའི་ལྷ་སྐལ་དུ་ཕེབས་པའི་སྨོན་པ་དང་བཅས་འདུས་སྡེ་ཚོགས་གཙོ་ཡར་མཁར་བསྟན་པ་སྨོན་ལམ་ནས་ཕུལ། ༢༠༡༧།༩།༢༦།

66.png77.png

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།