ཞང་ཞུང་སྒོ་པའི་ཡུལ་དུ་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་དབུ་བརྙེས་པ།

[ཟླ་ཚེས། 2017-08-03 21:31:17][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


1501768544136888.jpg1501767538120062.jpg

   འབྱུང་ལྡན་༣༠༡བོད་མེ་བྱ་ལོའི་ཟླ་༦ཚེས་༩སྤྱི་ལོ་༢༠༡༧སྤྱི་ཟླ་༨ཚེས་༡ཉིན་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་དངོས་སུ་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་ངང་སྤེལ་བ་རེད། མཛད་སྒོ་འཚོགས་ཡུལ་ནི་སྟེང་ཆེན་རྫོང་གསར་པའི་གཡས་ཕྱོགས་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་ཚོམས་ཆེན་རྒྱལ་སྒོའི་མདུན་དེར་གཉེར་ཡོད་པ་དང་མཛད་སྒོའི་ཚོགས་འདུའི་ཐོག་རང་སྐྱོོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་བཅས། ལྗོངས་རིམ་པ་ས་ཁུལ་རིམ་པ་རྫོང་རིམ་པ་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་ཁག་ཆེད་དུ་སྒོ་བྱང་འབྱེད་པ་ལ་འཚོགས་ཞུགས་གནང་ཡོད་པ་དང་དཔྱད་བུ་སྨན་རྩིས་ཁང་གི་གླིང་གཙོ་གཙོས་པའི་ལས་དོན་མི་སྣ་དེ་བཞིན་འབྲེལ་ཡོད་དགོན་སྡེ་ཁག་དང་ཚོང་གཉེར་མི་སྣ་དང་གདན་ཞུའི་སྐུ་མགྲོན་སོགས་མཉམ་འཛོམས་ཐོག་མཛད་སྒོར་ཞུགས་ཡོད་པ་དང་། ཐོག་མར་རྫོང་སྨན་དོན་མི་སྣ་ཚེ་རིང་གཡང་མཚོས་མཛད་སྒོའི་གཙོ་སྐྱོང་གནང་བ་རེད།  གཤམ་དུ་གོ་རིམ་ལྟར་གསལ་བསྒྲགས་ཞུ་བ་ལ།

1501767190132008.jpg

 སྨན་ཁང་གི་གླིང་གཙོ་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་སྨོན་རྒྱལ་ནམ་མཁའ་དབང་ལྡན་མཆོག་ནས་ད་སྐབས་ཏང་དང་རྒྱལ་ཁབ་ཀྱི་སྲིད་བཟང་འོག་འབྲེལ་ཡོད་རིམ་པ་ཁག་གི་ཚད་མཐོའི་ཞིབ་གཤེར་དང་དམངས་ཕན་དམངས་བདེའི་སྲིད་བཟང་ལ་བརྟེན་ནས་རིམ་པ་ཁག་ནས་དངོས་སུ་ཆོག་མཆན་ཐོབ་པར་བརྒྱུད། དེ་རིང་སྐལ་པ་བཟང་པོའི་ངང་ནས་ངེད་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་སྒོ་འབྱེད་མཛད་སྒོ་ཐུབ་པ་འདི་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་བཟང་ལ་བརྟེན་ནས་བྱུང་བ་ཡིན་ཞེས་གསུང་ཡོད་པ་དང་ང་ཚོས་ལོ་མང་རིང་དཔལ་འབྱོར་དང་དཀའ་ཚེགས་དུ་མ་བརྒྱུད་ནས་གཉེར་སྐྱོང་བྱེད་དགོས་པའི་དམིགས་ཡུལ་ནི་བོད་ཀྱི་གསོ་རིག་གི་ལོ་རྒྱུས་འདི་ཉིད་ལོ་རྒྱུས་དང་ཚན་རིག་ཟུང་འབྲེལ་ཐོག་མི་ལོ་སྟོང་ཕྲག་ལྔའི་གོང་དུ་ཕྱིར་བསྣུར་གཏོང་བའི་འགན་ཁྲི་ཕྲག་ཏུ་བཞེས་ནས་བོད་ཀྱི་གསོ་རིག་མ་ཕྱི་འབུམ་གཞིའི་དགེ་མཚན་བསྔོགས་འདོན་ལོ་རྒྱུས་ཉམས་ཞིབ་དང་དཔྱད་དགོངས།

ཁྲིམས་མཐུན་ཐོག་ཚད་གཞི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་རུ་བཏང་ནས་དམངས་ཡོང་ལ་ཁ་ཡོད་ལག་ཡོད་ཀྱི་ཚེ་སྲོག་ཡུན་རིང་འཚོ་བའི་ཞབས་ཞུ་བསྒྲུབ་ཐུབ་པའི་སྨན་ཁང་ཞིག་གཉེར་གྱི་ཡིན་ཞེས་ཐོག་མཐའ་བར་གསུམ་གྱི་ངོ་སྤྲོད་མདོར་བསྡུས་ཐོག་ནས་གསུང་བཤད་གནང་ཡོད་པ་དང་།

1501767191550161.jpg

   རྫོང་འཕྲོད་བསྟེན་ཅུད་ཀྱི་ཅུད་ཀྲང་ཀྲུང་གོ་ནས་ད་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བསུ་བ་ཞུ་ཆེད་དང་མ་ཚད་ང་ཚོའི་རྫོང་ཁོངས་སུ་སྒེར་གཉེར་སྨན་རྩིས་ཁང་དངོས་སུ་འཛུགས་ཐུབ་པ་རྟེན་འབྲེལ་ཞུས་པ་དང་སླད་ཕྱིན་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་སྙིང་སྟོབས་ཆེར་བསྐྱེད་ཀྱི་སྤོབས་པ་མཐོ་རུ་བཏང་ནས་སྟེང་ཆེན་མང་ཚོགས་ལ་ཕན་པའི་སྨན་རྩིས་ཁང་ཞིག་གཉེར་བའི་སློབ་སྟོན་ཟབ་རྒྱས་གནང་ཡོད་པ་རེད།

1501767191134771.jpg

   སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་གི་གཙོ་འགན་གཞོན་པ་སྨོན་སྲས་ཚེ་དབང་ནམ་མཁའ་ནས་དོན་ཚན་དྲུག་གི་ཐོག་ནས་སྨན་རྩིས་ཁང་གི་གཞི་རྩའི་བྱུང་བ་མདོར་བསྡུས་བཅས་དེ་སྔོན་ངེད་སྨན་ཁང་འདི་ལ་རྒྱབ་བསྐྱོར་གནང་མཁན་གི་རིམ་པ་གོང་འོག་བར་གསུམ་དང་ལྷག་ཏུ་སྨན་ཁང་གི་གླིང་གཙོ་སྨོན་རྒྱལ་ནམ་མཁའ་དབང་ལྡན་གྱི་ལོ་མང་རིང་གི་སྲིད་ཞུགས་སྲིད་གྲོས་ཀྱི་ལས་འགན་དང་དུ་བླངས་བའི་འབྲས་བུ་དང་ལྷག་ཏུ་ཞང་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་གྱི་ཁྱད་ཆོས་མངོན་པའི་ལྡིང་ཆ་ཡིན་པ་བཅས་ཀྱི་གསུང་བཤད་གནང་ཡོད་པ་རེད།

 འབྲེལ་ཡོད་དབུ་ཁྲིད་རྣམས་དང་དཔྱད་བུ་སྨན་རྩིས་ཁང་གི་གླིང་གཙོ་རྒན་གཞོན་བཅས་ནས་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་དང་སྨོན་རྒྱལ་དཔྱད་བུ་སྨན་སྦྱོར་ཁང་བཅས་སྒོ་བྱང་ཕྱེ་ནས་ཀུན་གྱི་ཐལ་མོ་བརྡབ་པའི་རྟེན་འབྲེལ་བྱས་པ་རེད།

1501767196668154.jpg

   གཙོ་འགན་པ་དང་སྣེ་ཁྲིད་པ་བཅས་འགྲེལ་བཤད་ཐོག་དབུ་ཁྲིད་དང་གདན་ཞུས་པ་བཅས་མཛད་སྒོའི་ཚོགས་ཞུགས་རྣམས་སྨན་ཁང་གི་ཚོམས་ཆེན་དང་།གཙོ་འཛིན་སྨན་པ་བཞུགས་གནས་དང་། ནད་སྐྱོང་ཁང་། ཁ་ཚར་ཁང་། ལུམ་ཁང་། གནམ་རིག་སྐར་རྩིས་ཁང་། གཏར་དཔྱད་ཁང་། ནད་པ་སྡོད་ཁང་། འགྲེམ་སྟོན་ཁང་། དཔྱད་བསྡུར་ཚོགས་ཁང་། སྨན་སྦྱོར་ཁང་། ལས་བཟོའི་སྡོད་ཁང་། ལས་བཟོའི་ཐབ་ཚང་།བཅས་སུ་ངོ་སྤྲོད་དང་འབྲེལ་བའི་ཐོག་ནས་གཟིགས་སྐོར་ཕེབས་ཡོད་པ་རེད།

1501767193104494.jpg

1501767194592160.jpg

 རྫོང་སྒྱུ་རྩལ་ཚོགས་པ་གདན་ཞུ་བྱས་ནས་སྐུ་མགྲོན་རྣམས་ལ་ཁྱུང་པོའི་རལ་པ་གཙོས་སྟེང་ཆེན་དམངས་ཁྲོད་སྲོལ་རྒྱུན་གྱི་བྲོ་དང་གླུ་གར་བཅས་ལྟད་མོ་བ་ལ་སྤྲོ་ཚོགས་ཏུ་འཁྲབ་སྟོན་གནང་བའོ། །

1501767196135937.jpg

1501767195996573.jpg

མཛད་སྒོའི་ཚོགས་ཞུགས་རྣམས་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་གི་སྒོ་ཆེན་འགྲམ་དུ་དྲན་རྟེན་སྐུ་པར་མཉམ་སྒྲོན་དང་། འཚོགས་ཞུགས་བ་རྣམས་གོ་རིམ་ལྟར་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་གི་སྒོ་འབྱེད་མཛད་སྒོའི་དྲན་རྟེན་དུ་སངས་རྒྱས་སྨན་ལྷའི་སྐུ་འདྲ། གཉན་རིམས་གདུག་པ་ཀུན་སེལ། དཔྱད་བུ་དྲི་བསང་མན་དྷ་ར་བ། རྒྱལ་གྱི་ཐེམ་སྐས་ལོ་དེབ། སྨོན་རྒྱལ་དཔྱད་བུ་སྨན་སྦྱོར་ཁང་ནས་ཐོན་པས་སྨན་སྣ་བཅས་མཛད་སྒོའི་ཚོགས་ཞུགས་རྣམ་ལ་ཕུལ་བ་བཅས་སོ།།

111.JPG

     ༢༠༡༧།༨།༢།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།