དཔྱད་དེབ་མུ་ཁྲི་བཙན་པོའི་རྩོམ་བསྡུ་གསལ་བརྡ།

[ཟླ་ཚེས། 2017-07-31 10:56:47][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༠༡༧ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ཡི་རྩོམ་བསྡུ་གསལ་བརྡ།
8147d4a26f8e244a8db6ed42006e6598.jpg

   དེ་ཡང་དུས་དང་རྣམ་པར་ཀུན་ཏུ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ལ་རྩོམ་ཡིག་གིས་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཕྱི་ནང་དུ་བཞུགས་པའི་རྩོམ་པ་པོ་རྣམས་ལ་སླར་ཡང་རེ་ཞུ་ལ། 
   ངེད་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་འགྲེམ་སྤེལ་གནང་ནས་ད་བར་དུ་ལོ་ངོ་བཅུ་ལྷག་ཕྱིན་ཡོད་པ་དང་དེའི་རིང་ལ་ལོ་རེར་དེབ་རེ་འགྲེམ་སྤེལ་བགྱིས་ཏེ་སྤྱིའི་འདོན་ཐེངས་བཅུ་ཙམ་སྤེལ་ཡོད་ལ། 
   ད་ལོ་སྟེ་༢༠༡༧ལོའི་དེབ། སྤྱིའི་དེབ་བཅུ་གཅིག་པ་ཡང་པར་སྐྲུན་གྱི་འགོ་ཟིན་བཞིན་ཡོད་པས་ཕྱོགས་ཀྱི་རྒྱ་ཆེ་བའི་རྩོམ་པ་པོ་རྣམས་ཀྱིས་གཙོ་བོ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ་སྣ་ཚོགས་ཤིག་ངེད་རྩོམ་སྒྲིག་ཁང་ལ་གནང་རོགས་ཞུ་བ་ལགས།
རྩོམ་ཡིག་གི་ནང་དོན་ཐད་ལ། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ། ཤེས་རིག རྒྱལ་རབས་ལོ་རྒྱུས། སྐྱེས་ཆེན་ངོ་སྤྲོད། ལེགས་བཤད། གཏོ་དཔྱད། བོན་དང་འབྲེལ་བའི་དྲི་བ་དྲིས་ལན།  རྒྱལ་སྤྱིའི་བོན་འབྲེལ་གནས་ཚུལ་སོགས་སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༠་ཚེས་༢༠སྔོན་ལ་བསྐུར་གནང་ཡོད་པར་ཞུ་ཞུ།

དཔྱད་རྩོམ་བསྐུར་སའི་གློག་རྡུལ་ཡིག་སྒམ། rinpung2018@yahoo.com
                                                    897252858@qq.com

འབྲེལ་གཏུགས་ཁ་པར། 13990418773_13909043403

རང་ཉིད་ཀྱི་སྐད་འཕྲིན་བཤེར་འཚོལ།.jpg
 

དཔྱད་རྩོམ་བསྐུར་སའི་སྐད་འཕྲིན་བཤེར་འཚོལ།

ཞེས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་སྒྲིག་ཁང་གིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།