༧དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་རིན་པོ་ཆེ་མཆོག་གདན་ས་སྨན་རིར་ཁྲི་བཞེངས་གནང་བ།

[ཟླ་ཚེས། 2017-05-05 11:40:14][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]

 དགོངས་གཞིར་བཟུང་འོག་ནས་བོད་མེ་བྱ་ལོའི་ཟླ་བ་ ༣ ཚེས་ ༧ སྟེ་སྤྱི་ལོ་༢༠༡༧/༥/༢/ཉིན་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་ ༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུ་ཁང་ནང་དུ་སྔ་སྲོལ་ལྟར་ཤར་རྒྱལ་མོ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་མཁན་པོ་དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་རིན་པོ་ཆེ་མཆོག་ཁྲི་བཞེངས་མངའ་གསོལ་གནང་སྐབས་སུ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་སྐུ་ཚབ་དང་གཞན་དགོན་སྡེ་ཁག་གི་སྐུ་ཚབ། ཚོགས་སྡེ་སོ་སོའི་སྐུ་ཚབ་བཅས། ༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྲུལ་དགེ་བཤེས་སེར་སྐྱ་མི་མང་རྣམས་ཀྱིས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་འབྲེལ། ༧ ཤར་རྒྱལ་མོ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་མཁན་པོ་དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་མཆོག་གིས་ ༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར་འདུས་མང་ཡོངས་ལ་བསྙེན་བཀུར་མང་ཇ་དང་དགེ་འདུན་རེ་ལ་སྐུ་འགྱེད་སྒོར་500/ རེ་དང་། གཞན་འདུས་མང་ཡོངས་ལ་འབྲས་སིལ་དང་གསོལ་ཇ་རྒྱས་འབུལ་མཐར་མཁན་པོ་ཁོང་གི་དགོངས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་དང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་གནས་པའི་བཀྲ་ཤིས་བདེ་ལེགས་བཅས།

མཆེད་གྲོགས་རྟོགས་ལྡན་བཤད་སྒྲུབ་དར་རྒྱས་ཀྱིས་རྒྱལ་བ་སྨན་རིའི་གླིང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།