དྭང་ར་ཁྱུང་རྫོང་དུ་སྤྲེལ་ལོ་སྐོར་ཆེན་གྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2016-12-15 22:50:45][རྩོམ་པ་པོ། སྟོང་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

8.jpg

 

    ཞང་ཞུང་གི་གྲགས་ཆེ་བའི་རྫོང་ཆེན་བཞི་ཡི་ཡ་གྱལ་དྭང་ར་ཁྱུང་རྫོང་གི་སྤྲེལ་ལོ་སྐོར་ཆེན་ཞེས་ལོ་བཅུ་གཉིས་ཀྱི་ནང་དུ་ཐེངས་རེར་འཚོགས་སྲོལ་ཡོད་པ་བཞིན་ད་ལོ་མེ་ཕོ་སྤྲེལ་ལོའི་སྐོར་ཆེན་མཛད་སྒོ་དེ། འདི་ལོའི་བོད་ཟླ་༩བའི་ཚེས་༢༨ཉིན་དངོས་སུ་དབུ་བཙུགས་ཤིང་བོད་ཟླ་༡༠བའི་ཚེས་༡༣བར་བོན་གྱི་སྒྲུབ་གནས་ཁྱད་འཕགས་ཞང་ཞུང་བར་པའི་ལྟེ་བ་དྭང་ར་ཁྱུང་རྫོང་ནས་ཟབ་རྒྱས་ངང་འཚོགས་ཤིང་ཚོགས་ཀྱི་རྣམ་པའང་ནང་དོན་ཕུན་གསུམ་འཚོགས་པའི་སྒོ་ནས་སྤེལ་གནང་ཡོད་པ་རེད།

13.jpg

6.jpg

5.jpg

    སྤྱི་ཡི་ཆ་ནས་དྭང་རའི་བླ་མ་སྔགས་འཆང་རང་གྲོལ་ཀུན་བཟང་བསྟན་འཛིན་མཆོག་དང་གཡུ་བུན་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་འཛིན་རྣམ་གཉིས་ལ་བཀའ་འདྲི་ཞུ་དོན་བཞིན། དྭང་ར་འགྲོ་འདྲེན་བཅུ་གསུམ་གྱི་ནང་ཚན་མིའི་འགྲོ་བ་འདྲེན་པ་གུ་རུ་བླ་རབས་རིམ་བྱོན་གྱི་གདན་ས་འོམ་བུ་དགོན་གཡུང་དྲུང་བསམ་གཏན་གླིང་གི་དབུ་བླ་ཞུ་སྟོན་བསྟན་པའི་རྒྱལ་མཚན་མཆོག་གི་གཙོ་འགན་འོག་མཁན་པོ་བསྟན་འཛིན་འགྱུར་མེད་སོགས་ཀྱིས་ཐུགས་འགན་ཡོངས་སུ་ལེགས་པར་བཞེས་ནས་ཁྲོ་བོ་ཞུ་གཡུ་འབྲང་ཕྱུག་མོའི་སྒྲུབ་ཆེན་ཞལ་གྱི་དཀྱིལ་འཁོར་མངོན་པར་ཕྱེས་ནས་འགྲོ་བའི་དོན་དུ་བླ་གྲྭ་བརྒྱ་ཕྲག་ལ་ཉེ་བ་དག་གིས་འཚོགས་གནངས་ཤིང་ཞོར་དུ་དབལ་གཤེན་སྟག་ལའི་སྟོང་ཚོགས་དང་མེ་རིའི་སྟོང་ཚོགས་སོགས་མདོར་ན་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་ལ་སྨན་པའི་ལས་དོན་རྒྱ་ཆེར་མཛད།

14.jpg

3.jpg

2.jpg

    མཐར་བོད་ཚེས་༡༢དང་༡༣སོགས་ལ་གོང་གི་ཡི་དམ་དེ་དག་གི་བཀའ་ལུང་ཟབ་མོ་སྨིན་གྲོལ་འགྲོ་བའི་མགོན་དུ་གསན་པར་ཞུས་ཤིང་དབང་གྲལ་དུ་སྙིགས་དུས་སྙན་བརྒྱུད་བསྟན་པའི་ཐུ་བོ་སྔགས་འཆང་རང་གྲོལ་ཀུན་བཟང་བསྟན་འཛིན་གཙོས་པའི་དྭང་རའི་བླ་སྤྲུལ་རྣམས་བཞུགས་སུ་གསོལ་ཏེ་དད་ལྡན་སྟོང་གི་གསོས་སུ་བསྩལ།

4.jpg

7.jpg

9.jpg

སྤྱི་ལོ2016ལོའི་ཟླ་བ12པའི་ཚེས15ཉིན་སྟོང་སྲས་པས་སྤེལ་བའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།