དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གྱི་སྐབས་གཉིས་པའི་སྒྲུབ་ཐོན་མཛད་སྒོ།

[ཟླ་ཚེས། 2016-08-07 18:51:05][རྩོམ་པ་པོ། གྱེར་སད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

02.jpg
དགོན་པའི་བླ་སྤྲུལ་མཁན་སློབ་རྣམ་པ་དང་སྒྲུབ་ཐོན་རྣམ་པ།
01.jpg
མཛད་སྒོའི་འདྲ་པར་ཟུར་ཞིག

 ངེད་སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་གི་དབུ་རུ་བཞུགས་པའི་བླ་མ་དང་དགེ་བཤེས་རྣམ་པས་སྤྱིར་ཞྭ་དཀར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་ཡི་ཆེད་དུ་བཤད་སྒྲུབ་སྒོམ་གསུམ་དང་འཆད་བརྩོད་རྩོམ་གསུམ་སོགས་ཡར་རྒྱས་གཏོང་བའི་ལྷག་བསམ་གཙང་མ་ཀུན་ནས་བླངས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེར་ཕྱག་རྗེས་འཇོག་མུས་སུ་མཆིས་ལ།   བྱེ་བྲག་ཏུ་སོ་སོའི་སྤངས་བླངས་གནད་ལ་མ་ནོར་བ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་བའི་འོག་འདི་ལོར། འགྲོ་བ་ལྷ་དང་བཅས་པའི་མཆོད་སྡོང་ཆེན་མོ།   ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་སྐུ་སྐྱེ་བ་མི་རུ་བཞེས་པའི་དུས་ཚིགས་ཁྱད་པར་ཅན་འཁྲུངས་སྐར་དང་བསྟུན་ནས།

༠༥.jpg
04.jpg
03.jpg
དགོན་བདག་བླ་མ་སྨན་རིའི་དགེ་བཤེས་ཁྱུང་ནག་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེས་སྒྲུབ་ཐོན་པ་རྣམས་ལ་ཕྱག་འཁྱེར་གནང་བཞིན་པ།

   གཤེན་གྱི་སྒྲུབ་ཐོན་པ་རྣམ་པ་བརྒྱད་ཀྱི་ལོ་བཞི་ཡི་རིང་མདོ་སྔགས་སྤྱི་དང་ཁྱད་པར་དུ་སེམས་སྡེ་བླ་མེད་རྫོགས་པ་ཆེན་པོའི་སྐོར་གྲུབ་དབང་ཤར་རྫ་བའི་རིང་ལུགས་ཀྱི་ཇི་བཞིན་ཐོས་བསམ་འཆད་ཉན་དང་སྤྱོད་ལམ་རྣམ་བཞི་གང་ཅིའི་ཐད་ནས་འབད་བརྩོན་ལྷུར་ལེན་བྱས་པའི་འབྲས་བཟང་གཡུར་དུ་བཞེས་པའི་གཤེན་གྱི་དྲང་སྲོང་བསམ་གཏན་རྒྱལ་མཚན་དང་། བསོད་ནམས་ཚུལ་ཁྲིམས། བློ་ལྡན་ཉི་མ། ཉི་མ་རིག་འཛིན། བསྟན་པ་རིག་འཛིན།  རང་གྲོལ་ཚུལ་ཁྲིམས། ཚུལ་ཁྲིམས་རབ་རྒྱས།    རྣམ་གྲོལ་གཙུག་ཕུད་བཅས་སྒྲུབ་གྲྭ་མཐར་སོན་གི་དཔང་ཡིག་གམ་གཟི་བརྗིད་ཕྱག་འཁྱེར་གནང་ལེན་གྱི་མཛད་སྒོ་གཟབ་རྒྱས་སྤེལ་བའི་གོ་སྐབས་འདི་ནི་གང་ཟག་སོ་སོས་སྐལ་བ་མང་པོར་བསགས་པའི་བསོད་ནམས་ཀྱི་མཐུ་ལས་བྱུང་བའི་འབྲས་བུ་ཉག་གཅིག་གོ །

གྱེར་སད་ནས། ༢༠༡༦་༧་༡༩ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།