འབོད་བསྐུལ་གྱི་གསལ་བརྡ།

[ཟླ་ཚེས། 2016-06-07 19:35:06][རྩོམ་པ་པོ། མཁན་མོ་ཚུལ་ཁྲིམས་རྒྱལ་མོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1.jpg
ལྡོང་རྫོང་གཤེན་བཙུན་སྨིན་གླིང་ངམ་ལྡོང་རྫོང་རི་ཁྲོད།
2.jpg
ལྡོང་རྫོང་རི་ཁྲོད་ཀྱི་བཙུན་མའི་སྡེ། 

    གཅིག བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ལྡོང་རྫོང་གཤེན་བཙུན་སྨིན་གླིང་ངམ་ལྡོང་རྫོང་རི་ཁྲོད་ཀྱི་བླ་མ་དང་འགན་འཛིན་དབུས་པའི་འདུས་སྤྱི་ནས་མི་རིགས་ཀྱི་རིགས་གནས་སྤྱི་དང་ལྷག་པར་བུད་མེད་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་ཉམས་གསོའི་ཆེད་དུ། འདི་ལོར་ལྡོང་རྫོང་གཤེན་བཙུན་སྨིན་གླིང་དུ་བཙུན་མའི་ཚད་མ་རིག་སྒྲ་འཚོགས་རྒྱུ་གཏན་ཁེལ་ཡོད། དེ་ནི་བོན་གྱི་སྤྱི་མགོན་རྒྱལ་བ་གཤེན་རིན་པོ་ཆེའི་ཐུགས་དགོངས་གཞིར་བཟུང་ཐོག། རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ནས་མཛུབ་སྟོན་གནང་བ་བརྒྱུད། ལྡོང་རྫོང་མཁན་མོ་ཚུལ་ཁྲིམས་རྒྱལ་མོས་གཙོ་འགན་བཞེས་ཡོད།
   གཉིས། ༧ དུས་ཚོད་༢༠༡༦ལོའི་བོད་ཟླ་ལྔ་པའི་ཚེས་༢༦་སྤྱི་ཟླ༧ པའི་ཚེས་༣༠ ཉིན་ནས་བོད་ཟླ་༦པའི་ཚེས༩དང་སྤྱི་ཟླ་༨པའི་ཚེས༡༢་བར་ཉིན་བཅུ་བཞི་རིང་འཚོགས་ཀྱི་ཡོད་པས་སྐུ་མགྲོན་རྣམས་ཚེས༢༥་ཉིན་ནས་འབྱོར་ཐུབ་པ་དགོས།
   གསུམ། ཡིག་ཆ་མཉམ་མེད་ཚད་མ་གཞིར་བཞག་ནས་དེ་དང་མཐུན་པ་འགྲོ་མགོན་ཚད་མ་དང་མཁན་ཉི་མའི་བསྡུས་གྲྭ་གཉིས་ལས་གཞན་པའི་ཡིག་ཆ་གནས་སྐབས་དེར་ཁས་ལེན་གྱི་མེད། འོན་ཏེ་འདི་ལོར་མཉམ་མེད་ཚད་མ་ལེའུ་དང་པོ་འཁྲིད་ཀྱི་ཡོད།

   བཞི། སྒྲིག་ལམ་སྐབས་བབ་དགེ་རྒན་གང་ཡིན་གྱི་བཀའ་ལ་བརྩི་བཀུར་ཞུ་དགོས་པ་ལས་རང་གར་ཧམ་བཤད་མི་བྱ་རྒྱུ། བཙུན་མ་ཕན་ཚུན་མཐུན་སྒྲིལ་དང་། དཔེ་ཁྲིད་རྩོད་རར་འགྲོ་རྒྱུ། སྒྲིག་ལམ་བསྡམ་མཁན་གྱི་འགན་འཛིན་བཅས་ལ་སྲུང་བརྩི་ཞུ་ཐུབ་པ་དགོས། གཞན་མཛད་སྒོ་འདི་ཉིད་བཙུན་མ་སྤྱི་ལ་དབང་བ་ཞིག་ཡིན་པས་བཙུན་མ་རྣམ་པས་ཕན་པ་ཡོད་པའི་བསམ་འཆར་གང་ཡོད་འདོན་ཆོག
    ལྔ། ངེད་དགོན་པའི་དཔལ་འབྱོར་དང་བསྟུན་སྟེང་ཆེན་རྫོང་ཁོངས་མ་ཡིན་པའི་དགོན་པའི་བཙུན་མ་རྩོད་པ་གནང་མཁན་ཕེབས་པ་དག་ལ་ལམ་རིན་གྱི་ཚུལ་དུ་སྒོར་ལྔ་བརྒྱ་རེ་འབུལ་རྒྱུ། སྟེང་ཆེན་རྫོང་ཁོང་གི་བཙུན་མ་རྣམས་རང་རང་དགོན་པས་རླང་འཁོར་ཐབས་མ་ཐོན་ན་ངེད་དགོན་པས་ཚུར་བསུ་རྒྱུ། བཙུན་མ་རྣམས་དགོན་པར་འབྱོར་བ་དང་ཉལ་གོས་སྡོད་ཁང་འཚོ་བ་སོགས་དགོན་པས་གྲ་སྒྲིག་བྱས་ཡོད།
   དྲུག ཉིན་རེའི་འགྲོ་ལུགས་ཞོགས་པ་ཆུ་ཚོད་བརྒྱད་ནས་བཅུ་དང་ཕྱེད་ཀ་བར་རྩོད་པ། བཅུ་དང་ཕྱེད་ཀ་ནས་བཅུ་གཅིག་ཕྱེད་ཀ་བར་དཔེ་ཁྲིད། བཅུ་གཉིས་ནས་དང་པོ་བར་གསོལ་ཟས་དང་ཞབས་བརྟན། དང་པོ་ནས་གཉིས་པ་བར་ངལ་གསོ། གཉིས་པ་ནས་བཞི་དང་ཕྱེད་ཀ་བར་དཔེ་གཟིགས་དང་བསྐྱར་སྦྱོང་། ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ཀ་ནས་ལྔ་བར་ཕྱི་ཇ་མཆོད་རྒྱུ། ལྔ་ནས་བདུན་བར་རྩོད་ར་འཚོགས་རྒྱུ་བདུན་ནས་བརྒྱད་བར་དམ་བཅའ་ཡིན། བརྒྱད་ནས་ཕྱེད་ཀ་བར་ལ་དགོང་ཟས། དགུ་ནས་བཅུ་གཅིག་བར་བསྐྱར་སྦྱོང་ཡིན་པ་བཅས་སོ།། ཉིན་བདུན་པ་ལ་ངལ་གསོ་ཡིན། ཞག་བཅུ་བཞི་ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་ནས་བཅུ་གཅིག་ཕྱེད་ཀ་བར་དམ་བཅའ་ཆེན་མོ་དང་པོ། ཕྱི་དྲོ་ཆུ་ཚོད་གཉིས་དང་ཕྱེད་ཀ་ནས་བཞི་བར་དམ་བཅའ་ཆེན་མོ་གཉིས་པ་ཡིན། ཕྱི་དྲོ་ཆུ་ཚོད་ལྔ་ནས་དྲུག་དང་ཕྱེད་ཀ་བར་བཙུན་མས་བསྟན་པ་སྐྱོང་སྟངས་དང་འབྲེལ་བའི་བཀའ་སློབ་གནང་རྒྱུ། བོད་ཟླ་༦པའི་ཚེས་བཅུ་ཉིན་ཚང་མ་ལ་གསོལ་སྟོན་བཤམ་རྒྱུ་དང་འབྲེལ་བཙུན་མ་རྣམས་ནས་གཏམ་བཤད་སྤེལ་རྒྱུ་བཅས་ཡིན།
   བདུན། ཚད་མའི་རིག་སྒྲ་ནི་རྒྱུན་ལྡན་གྱི་ཆོས་ལུགས་ཡིན་པ་དང་། སློབ་དཔོན་དང་དགེ་བཤེས་ཆེན་མོ་མང་པོས་ཟབ་ཁྲིད་དང་འབྲེལ་བཙུན་མ་རྣམས་ནས་མཉམ་རུབ་ཀྱིས་གཞུང་དོན་ཟབ་སྦྱོང་རིག་གཞུང་སྦྱོང་བརྡར་ཡིན་པས། སྤྱི་ཚོགས་བདེ་འཇགས་དང་མི་རིགས་ཀྱི་ཤེས་ཡོན་མཐོར་འདེགས་ཀྱི་ཞབས་ཞུ་ཆེ་ཤོས་ལ་རྩིས་ནས། ལྡོང་རྫོང་གཤེན་བཙུན་སྨིན་གླིང་ནས་མཛད་སྒོ་འདི་ཉིད་སྤེལ་བ་མ་ཟད་བཙུན་མ་ནང་ཕན་ཚུན་དབར་ཉམས་མྱོང་སྤེལ་རེས་དང་བསམ་ཚུལ་བརྗེ་རེས། དཔེ་གཞུང་གོ་བསྡུར་ཡིན་པ་བཅས་ཀྱིས་བཙུན་མ་རྣམས་ལ་ཕན་པ་འབྱུང་ངེས་ཡིན་པས། བཙུན་མ་སོ་སོ་ཡིན་ན་འདྲ། བཙུན་དགོན་རྣམས་ཀྱི་འགན་འཛིན་ཡིན་ན་འདྲ་ཚང་མས་དང་ལེན་ཞུས་ཏེ། དཔེར་ན་ཁྱུང་མོང་དགོན་བྲག་མགོ་ཉག་རོང་བཅས་བཙུན་དགོན་ཆེ་ཤོས་ཁག་ནས་རྩོད་པ་གནང་མཁན་ངེས་པར་དུ་ཕེབས་ཐུབ་པར་ཞུ། ད་ལམ་བཙུན་མའི་རིག་སྒྲ་ཐེངས་དང་པོ་འདི་ཡག་པོ་བྱུང་ན་མ་འོངས་ལམ་ཁ་ཞིག་དོད་སྲིད་པས་དེ་ལུགས་ཀྱིས་ཚང་མས་གལ་ཆེན་ནང་གི་མདོ་ཆེན་གནང་རོགས་ཞུ་བ་ཡིན། དམིགས་བསལ་ཞིག་ལ་མཛད་སྒོ་འདིའི་སྐབས་བཙུན་མའི་རིག་གཞུང་ཟབ་སྦྱོང་ལས་བཀའ་དབང་ལ་བརྟེན་ནས་མི་སེར་འདུ་འཚོགས་གང་ཡང་མེད། དེས་ན་མི་རིགས་ཀྱི་རིག་གནས་ལ་དམིགས་ཏེ་གོང་འོག་ཚང་མས་མཛད་སྒོ་འདི་ལ་ཕྱོགས་གང་ཅིའི་ཐད་ནས་རྒྱབ་བསྐྱོར་མི་ཆུང་བར་མཁྱེན་མཁྱེན།།

ལྡོང་རྫོང་གཤེན་བཙུན་སྨིན་གླིང་གི་འདུས་སྤྱི་ནས། ༢༠༡༦ལོའི་ཚེས་བོད་ཟླ་བཞི་པ་སྔར་མའི་ཚེས་༣༠་དང་སྤྱི་ཟླ་༦འི་ཚེས༥ཉིན་བཏང་།

9BB85F717DEBA1986B2F5583FF3D829D.jpg
འབྲེལ་བ་གནང་ཡུལ།

མཁན་མོ་ཚུལ་ཁྲིམས་རྒྱལ་མོ། ༡༧༧༨༩༠༥༨༥༩༨
དགེ་སྐོས་ཡོན་ཏན་སྨན་མཚོ། ༡༣༦༥༩༥༥༢༩༥༨

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།