ཀོ་རྒྱལ་དགོན་གྱིས་ས་བདག་ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་ཞལ་ཕྱེས་པའི་གནས་བསྡུས།

[ཟླ་ཚེས། 2016-05-30 11:33:29][རྩོམ་པ་པོ། གཤོག་རླབས་རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 འབྱུང་བཞིའི་གནོད་པ་ཞི་བའི་ཆེད་དུ་དཔལ་གཤེན་བསྟན་ཀོ་རྒྱལ་དགོན་གྱིས་ས་བདག་ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་ཞལ་ཕྱེས་པའི་གནས་བསྡུས།
01.jpg

   དེ་ཡང་སྔོན་དུས་སུ་བསྐལ་སྟོང་སངས་རྒྱས་སྟོང་གི་སྤྱི་ཕུད་སྐྱེ་དགུའི་གཙུག་རྒྱན་དུ་བྱོན་པའི་ལྷ་ཅིག་སྟོན་པ་ཐུགས་རྗེ་ཅན་གཤེན་རབ་མི་བོ་མཆོག་གིས་ཐུགས་སྲས་མཚན་ལྡན་ཁྱེའུ་བཞི་ཕྱོགས་བཅུའི་ཞིང་ཁམས་སོ་སོར་མངགས་ཏེ་ས་བདག་ཀླུ་གཉན་གཏོད་དང་བཅས་པ་སྟེ། འཁྲུག་བཅོས་ཉེ་ལམ་སྡེ་བཞི་ཞེས་བྱ་བའི་དཀྱིལ་འཁོར་ཞལ་ཕྱེས་པ་དང་།

05.jpg
 04.jpg

གཞན་ཡང་གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁས་བདེ་བར་གཤེགས་པ་གཙོ་བོ་བཞི་ལ་འཁོར་ཀླུ་གཉན་ས་བདག་གི་བོན་པོ་བཞི་དང་འདུལ་བོན་བཞི་སོགས་ཀྱིས་བསྐོར་བའི་ལྷ་ཚོགས་བཞེངས་ཤིང་བོན་སྡེ་འདི་ཉིད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་པས་ལོ་ཉེས་དཀར་འཕྲི་དང་། གནམ་ཐན། ས་ཐན། འབྱུང་བཞིའི་འཇིག་པ། ནད་མུག་མཚོན་གསུམ་གྱི་འཚེ་བ་སོགས་ཕྱི་ནང་གསང་གསུམ་གྱི་བར་ཆོད་སེལ་ཞིང་། སྣང་ཁམས་ཞི་བདེའི་དཔལ་ལ་འཁོད་པར་བྱུང་བའི་གནད་དེ་ལྟ་བུ་ལ་དགོངས་པ་གཙོ་རུ་བཞེས་ཏེ།

03.jpg

   དེང་དུས་ཕྱོགས་གང་སར་འབྱུང་བའི་འཚེ་བ་དང་། ནད་ཡམ་གྱི་ལྟས་ངན་པ་སྣ་ཚོགས་བྱུང་དང་འབྱུང་བཞིན་པའི་རྐྱེན་སེལ་གྱི་རིམ་གྲོ་རུ་༧ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་ནས་བོན་སྡེ་འདི་ཉིད་གཙོ་རུ་འཛིན་དགོས་པའི་གདམས་དོན་བརྩལ་བ་ལྟར།

02.jpg

   དེ་དག་གི་དགོས་ཆེད་གཙོར་བཟུང་ཐོག་དམིགས་བསལ་དུ་ལོ་འདིར་ས་ཡོམ་དང་། ཐན་པའི་རྐྱེན་སྣ་ཚོགས་བསྟུན་མར་བྱུང་བ་ལྟ་བུའི་རྐྱེན་སེལ་དུ་གཙོ་བོར་དམིགས་ཏེ་དགོན་འདིའི་བླ་མ་དགེ་བཤེས་དང་འགན་འཛིན་རྣམས་ཀྱིས་སློབ་སྟོན་འོག་༼སྤུ་ཐོག་བླ་མཚོའི་དགའ་སྟོན་གོ་སྒྲིག་ཚོགས་པས་༽སྦྱིན་བདག་གནང་ནས་འདི་གའི་གྲྭ་ཚང་འདུས་སྡེ་ཡོངས་ཀྱིས་ 2016-5-26 ནས་ 29 བར་ཉིན་བཞིའི་རིང་དུ་གྲྭ་ཚང་ཡོངས་ནས་ས་བདག་ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་སྔོན་འགྲོའི་འཕྲིན་ལས་དགུ་དང་། དངོས་གཞིའི་ལས་རིམ་བཅུ། རྗེས་འཇུག་གི་ཡན་ལག་བདུན་བཅས་ཀྱི་སྒོ་ནས་གཞུང་བསྲང་སྟེ་ལེགས་པར་གྲུབ་པ་འདིས་ངེད་མཆོད་ཡོན་འཁོར་བཅས་ཀྱི་འདོད་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་དང་བཅས།

གནས་བསྡུས་འདི་ཉིད་ཁྱུང་ཆེན་རིག་པའི་གཤོག་རླབས་རྩོམ་སྒྲིག་ཁང་ནས་ 2016-5-3

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།