རྩོམ་ཡིག་བསྡུ་བའི་གསལ་བརྡ།

[ཟླ་ཚེས། 2015-10-20 10:53:22][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

03.jpg

    སྤྱི་ཚོགས་ཀྱི་འཕོ་འགྱུར་དང་དུས་རབས་ཀྱི་འགྲན་རྩོད་ཆེས་རྒོད་པའི་དུས་རབས་ཉེར་གཅིག་པ་ཞེས་འཛམ་གླིང་གི་མི་སོ་སོས་དམ་འཛིན་བྱེད་བཞིན་པའི་དུས་རབས་འདིར། མི་རིགས་ཤིག་དང་སྤྱི་ཚོགས་ཤིག་གོང་འཕེལ་དང་ཡར་རྒྱས་སུ་འགྲོ་དགོས་ན་གཙོ་བོ་མི་རིགས་དེ་དང་ཁ་འབྲལ་ཐབས་མེད་ཅིང་ཤ་འདྲེས་ཁྲག་འདྲེས་སུ་གྱུར་བའི་ཆོས་དང་རིག་གནས་ཁག་བརྒྱུད་འཛིན་དང་དར་སྤེལ་བྱེད་པ་ལ་རགས། ལོ་ངོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་བྱུང་བའི་ཁུངས་བཙུན་པ་བོད་རང་གི་རིག་གནས་དེ་བརྒྱུད་འཛིན་དང་དར་སྤེལ་བྱེད་དགོས་ན་གཙོ་བོ་འཆད་རྩོད་རྩོམ་གསུམ་གྱི་ཐབས་ལམ་མ་གཏོགས་གཞན་ཅི་ཡང་མེད། དེ་ལས་རྩོམ་རིག་ནི་སྤྱི་ཚོགས་ཀྱི་གནས་བབས་དངོས་ཀྱི་རྣམ་པ་མཚོན་བྱེད་ཉག་གཅིག་ཡིན་པས་ལྷག་ཏུ་དམ་འཛིན་བྱེད་དགོས་པར་མཐོང་། ཡུལ་དུས་གནས་བབས་ཀྱི་རྐྱེན་མང་པོ་ཞིག་ལ་དམིགས་ནས་དུས་རབས་གོང་མའི་མཇུག་ནས་དབུ་བཟུང་ནའང་བར་སྐབས་རྣམས་སུ་ཆད་པ་དང་མཐུད་པ་སོགས་ཀྱག་ཀྱོག་གི་ལོ་རྒྱུས་མང་པོ་བརྒྱུད་མྱོང་བའི་མདོ་སྨད་རྔ་ཡུལ་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་རྟོགས་ལྡན་དགོན་ནས་རྩོམ་བསྒྲིགས་བྱས་དང་བྱེད་བཞིན་པའི་དུས་དེབ་༼གངས་རིའི་འོད་ཟེར༽སྤྱིའི་དེབ་གྲངས་༼བདུན་པ༽ད་ལོའི་ལོ་དེབ་པར་བསྐྲུན་བྱེད་པར་གྲ་སྒྲིག་བྱེད་བཞིན་པ་ལ། རྣམ་དཔྱོད་ཀྱི་འཇུག་པ་རྒྱ་ཆེ་ཞིང་དུས་རབས་ཀྱི་འགྲོས་ལ་མིག་རྒྱང་རིང་བའི་མཁས་པ་དང་རྩོམ་པ་པོ་དག་གིས་ཚིག་སྦྱོར་གྱི་འདབ་མ་ལྷུག་པོར་གྲོལ་ཞིང་། རིག་ལམ་གྱི་ཡལ་ག་སྟོང་ཕྲག་རྒྱས་པ། ནང་དོན་གྱི་འབྲས་བཟང་ཡོངས་སུ་སྨིན་པའི་བརྩམས་ཆོས་བཅད་ལྷུག་སྤེལ་གསུམ་གང་ཡིན་བསྐུར་གནང་ཡོད་པར་མཛོད་དང་། ང་ཚོའི་མཐུན་སྒྲིལ་གྱི་ལག་རྡང་དམ་དུ་སྦྲེལ་ནས་མ་འོངས་བོད་ཀྱི་རིག་གནས་དར་སྤེལ་ལ་གང་ནུས་ཀྱིས་ཞབས་ཕྱི་བསྒྲུབ་པའི་དམ་བཅའ་འཇོག

02.jpg

རྩོམ་སྒྲིག་པ། བསྟན་འཛིན་རྣམ་དག། འབྲུག་གྲགས།
རྩོམ་ཡིག་བསྡུ་བའི་དུས་ཚོད། སྤྱི་ལོ2015-10-10ནས། ཟླ12-8བར་ཡིན།
རྩོམ་བསྐུར་ཡུལ། 2097868778@qq.com འཕྲིན་ཕྲན། 18783733348
ཁ་པར། 18783733348

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།