ཞུ་ཡིག་ཚངས་སྲས་ངག་གི་དབྱངས་སྙན།

[ཟླ་ཚེས། 2015-09-09 16:37:11][རྩོམ་པ་པོ། གསས་བུ་ཡེ་ཤེས་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

webwxgetmsgimgMY170BN7.jpg

     ད་ལན་རྣམ་དཔྱོད་ཀྱི་བློ་གྲོས་རབ་ཏུ་ཡངས་པའི་སྐྱེས་ཆེན་རྣམས་ལ་ཞུ་རྒྱུ་ཞིག་ལ། བོན་གྱི་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་ཕྱོགས་གཅིག་ཏུ་བཀོད་པ་གཤེན་བསྟན་མཛེས་རྒྱན༼ཁ་བྱང་འདི་གཏན་འཁེལ་མིན༽ཞེས་པ་ཞིག་སྒྲིག་འཆར་ཡོད།

     གཅིག ༡༩༨༨ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ་ཞིག་བསྒྲིགས་ཡོད་ན་ཡང་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས་བོན་གྱི་མཁས་དབང་རྣམས་ཀྱི་རྩོམ་ཡིག་དེ་ལོགས་སུ་བཀར་ནས་མ་བཞག་པ་དང༌། བོན་གྱི་མཁས་དབང་རྣམས་བོད་ཀྱི་མཁས་དབང་གི་གྲས་སུ་རྩིས་མེད་པ། བོད་ཅེས་པའི་མིང་བརྡ་དེ་ཡང་སྒྲ་དོགས་ཀྱི་གནས་སུ་ལྷུང་བའི་སྣང་ཚུལ་བྱུང་བས་ཡིན།

     གཉིས། བོད་ཀྱི་ཤེས་རིག་གི་ངོ་བོ་དང་ལོ་རྒྱུས་ཀྱི་དུས་ཡུན་ནི་ཆོས་རྒྱལ་དུས་རབས་སུ་བྱུང་བའི་ཐུབ་བསྟན་རིག་གནས་ཀྱིས་མཚོན་མི་ཐུབ་ལ། བོད་ཀྱི་ཤེས་རིག་གི་ངོ་བོ་དང་ལོ་རྒྱུས་མ་ཟད་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་བསྐྱེད་པའི་མ་ཡུམ་ནི་བོན་གྱི་ཤེས་རིག་ལགས་པས་བོད་ཀྱི་ཤེས་རིག་གམ་བོན་གྱི་ཤེས་རིག་འཕེལ་རྒྱས་ཀྱི་ཕྱོགས་ལ་ཞབས་ཞུ་ཞིག་འབུལ་འདོད་ཀྱི་ངང་ནས་འདི་འདྲ་ཞིག་སྒྲིག་འཆར་སྐྱེས་པ་ཡིན།

     གསུམ། མཁས་པ་གང་ཡིན་དེའི་སྙན་རྩོམ་དང༌། རྩོམ་ཡིག་དེའི་མིང་ཚིག་ཁ་ཤས་ཀྱི་མཆན་བུ། མཁས་པ་དེའི་ལོ་རྒྱུས་སོགས་དོན་ཚན་གསུམ་ལྡན་པའི་སྒོ་ནས་སྒྲིག་འཆར་ཡོད།

     བཞི། འདི་ལ་འབྲེལ་ཡོད་ཀྱི་མཁས་དབང་རྣམས་ཀྱི་སློབ་སྟོན་དང་བོན་གྱི་མཁས་དབང་རྣམས་ཀྱི་རྩོམ་ཡིག་གལ་ཆེན་རེ་ཡོད་ན་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གསལ་འདེབས་ཡོད་པར་ཞུའོ།།
 

གཙོ་སྒྲུབ་པ།
     བོན་ནག་ཚང་ཡེ་ཤེས་བློ་གྲོས།
འབྲེལ་གཏུག་ཁ་པར།
     15297035817
     18397183511
སྡོད་གནས།
     རེབ་གོང་བོན་བརྒྱ་དགོན་སེ་བོན་ཤེས་རིག་འཚོལ་ཞིབ་གླིང༌།

ཞེས་ཟླ༧ཚེས༢༧ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།