བོད་ཡིག་ཚིག་མཛོད་ཆེན་མོ་ལས་བོན་གྱི་སྡེ་ཚན་ཁག་བཞིའི་ལས་དོན་སྒྲུབ་པའི་གནས་ཚུལ།

[ཟླ་ཚེས། 2015-08-30 16:02:10][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་ཡིག་ཚིག་མཛོད་ཆེན་མོ་ལས་འདི་ལོར་བོན་གྱི་སྡེ་ཚན་ཁག་བཞིའི་ལས་དོན་སྒྲུབ་པའི་གནས་ཚུལ།
gdsf.jpg

   བོད་ཡིག་ཚིག་མཛོད་ཆེན་མོའི་ལས་འཆར་འདི་ཐོག་མར་འགོ་ཚུགས་ནས་ད་བར་ལོ་དུ་མའི་རིང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་མི་ཕྱོགས་སོ་སོ་ནས་རྩོམ་སྒྲིག་གི་ལས་ཀ་རྒྱ་ཆེ་རྒྱུན་རིང་གནང་བའི་བརྒྱུད་རིམ་ནང་ལས་ཀ་བྱེད་མུས་དང་ཉམས་མྱོང་ཕྱོགས་བསྡུས་བྱེད་མུས་ཀྱི་གནས་ཚུལ་འོག་གནའ་བོའི་ཞང་ཞུང་ཤེས་རིག་གཙོས་བོན་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་དང་།ཞང་ཞུང་གི་ཐ་སྙད་རིག་གནས།བོད་ཀྱི་སྐད་བརྡ་རིག་པ།བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་རྒྱ་ཆེའི་ནང་འཁོད་པའི་ལོ་རྒྱུས་ཀྱི་མི་སྣ། མདོ་སྔགས་རིག་པའི་གཞུང་ལུགས། དགོན་སྡེ་རི་ཁྲོད། གནས་རི་སྒྲུབ་གནས། གྲགས་ཅན་རི་ཆུ་མཛེས་ལྗོངས། ལྷ་ཚོགས་བསྟན་སྲུང་།རིག་གནས་ལོ་རྒྱུས་སྲིད་པ་རྒྱུད་ཀྱི་བོན་སོགས་སྣ་མང་རྒྱ་ཆེའི་རིག་མཛོད་རྣམས་ལ་ཉམས་ཞིབ་དང་།ཐ་སྙད་འཚོལ་བསྡུ།འདྲི་རྩད་དཔྱད་བསྡུར་གང་མང་བགྱིས་པའི་བརྗོད་བྱའི་སྙིང་དོན་གཙོ་བོ་རྣམ་པ་བརྒྱད་དུ་དབྱེ་སྟེ། དང་པོ་བོན་གྱི་ཐ་སྙད་སྤྱི་ལ་ཤོག་གྲངས།༦༠༠ཡས་མན་དང་།སྡེ་ཚན་གཉིས་པ་བོན་གྱི་མི་སྣ་དགུ་བརྒྱ་ལྷག་ཙམ་གྱི་ངོ་སྤྲོད་ཤོག་གྲངས།༥༠༠ཙམ།སྡེ་ཚན་གསུམ་པ་བོན་གྱི་དགོན་སྡེ་རི་ཁྲོད་དྲུག་བརྒྱ་ཙམ་གྱི་ལོ་རྒྱུས་ངོ་སྤྲོད།སྡེ་ཚན་བཞི་པ་བོན་གྱི་གནས་རི་སྒྲུབ་གནས་བརྒྱ་ཕྲག་གི་ངོ་སྤྲོད་དང་ལོ་རྒྱུས་ཤོག་གྲངས།༢༠༠ཙམ།སྡེ་ཚན་ལྔ་པ་བོན་གྱི་གསུང་རབ་ངོ་སྤྲོད་བོན་གྱི་བཀའ་འགྱུར་པོད་ ༡༧༨དང་། བརྟེན་འགྱུར་པོད་ ༣༢༠ ད་དུང་སྲིད་པ་རྒྱུད་ཀྱི་བོན་སྐོར་ངོ་སྤྲོད་ཤོག་གྲངས། ༢༠༠ལྷག་ཙམ། སྡེ་ཚན་དྲུག་པ་ཞང་ཞུང་གི་ཐ་སྐད་སྐོར་ཤོག་གྲངས། ༢༠༠ལྷག་ཙམ། སྡེ་ཚན་བདུན་པ་བོན་གྱི་རྣམ་གྲངས་སྐོར་ཤོག་གྲངས།༢༠༠༠ལྷག་བཅས་གཞི་རྩའི་ཆ་ནས་རྩོམ་སྒྲིག་དང་ཕྱོགས་བསྡུས་གྲུབ་ནས།པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ།༢༠༡༥ལོར་བོད་ཡིག་མཛོད་ཆེན་མོའི་ལས་འཆར་ནང་ནས་འདི་ལོར་དཔར་སྐྲུན་གནང་གཏན་འཁེལ་བ་ལ།བོད་ཀྱི་དགོན་སྡེའི་སྐོར་དང་།བོད་ཀྱི་ཆོས་ལུགས་མི་སྣའི་སྐོར་གཉིས་ཐོག་མར་དཔར་སྐྲུན་གནང་རྒྱུར་ཐུགས་གཏན་ཁེལ་བའི་ནང་གོང་གསལ་བོན་གྱི་དགོན་སྡེའི་སྐོར་དང་། བོན་གྱི་མི་སྣའི་སྐོར་དེ་གཉིས་སྡེ་ཚན་སོ་སོའི་ནང་འགྲོ་རྒྱུ་དང་།

afsd.jpg
བོན་གྱི་རྩོམ་སྒྲིག་ཚོགས་མི་རྣམས་ཡུན་ནན་ཞིང་ཆེན་ཁུ་མིན་གྲོང་ཁྱེར་ནས་བསྐྱོན་པའི་པར།

   དེ་མིན་གཞན་ལ་མེད་པའི་བོན་གྱི་ཐུན་མིན་ཞང་ཞུང་གི་ཐ་སྙད་སྐོར་དང་། བོན་གྱི་རྣམ་གྲངས་སྐོར་གཉིས་དེ་ཐོག་མར་སྤྱི་ལོ།༢༠༠༨ལོར་བོད་ཡིག་ཚིག་མཛོད་ཆེན་མོའི་ལས་འཆར་ཁོངས་སུ་རྩོམ་སྒྲིག་དང་དཔར་སྐྲུན་གནང་རྒྱུའི་ཞལ་བཞེས་གཞིར་བཟུང་འདི་ལོར་དཔར་སྐྲུན་གནང་རྒྱུར་རྩ་བའི་ཆ་ནས་ཐུགས་གཏན་ཁེལ་ནས།༢༠༡༥ལོའི་སྤྱི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་བོད་ཡིག་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་རྒན་འཇམ་དགའ་ལགས་དང་།བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་པའི་རྩོམ་སྒྲིག་པའི་འགན་འཛིན་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་།གཞན་ཡང་རྩོམ་སྒྲིག་རྒྱུན་ལས་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། སེང་སྤྲུལ་རིག་འཛིན་ཉི་མ། པཎ་ཙ་བསྟན་འཛིན་དར་རྒྱས། རྟོགས་ལྡན་བསྐལ་ཁོ། དེ་རྗེས་དགེ་བཤེས་བསོད་ཁོ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། རིན་སྤུངས་ཚུལ་བསྟན་བཅས་ཁྲི་འདུར་འཛོམས་ཏེ་ཚོགས་འདུའི་གྲོས་ཆོད་ལ་གོང་གསལ་བོན་གྱི་སྡེ་ཚན་ཁག་བརྒྱད་ནང་འདི་ལོར་དཔར་སྐྲུན་ཞུ་རྒྱུ་བོན་གྱི་སྡེ་ཚན་ཁག་བཞི་གཏན་ཁེལ་བཟོས་པ།

bxc.jpg
jgfhjf.jpg

   དང་པོ་བོན་གྱི་དགོན་སྡེའི་སྐོར་དང་།བོན་གྱི་མི་སྣའི་སྐོར།ཞང་ཞུང་གི་ཐ་སྙད་སྐོར།བོན་གྱི་རྣམ་གྲངས་སྐོར་བཅས་སྡེ་ཚན་ཁག་བཞི་པོ་དེ་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པས་འདི་ལོའི་སྤྱི་ཟླ་བརྒྱད་པའི་ཟླ་མཇུག་ལ་མཇུག་སྒྲིལ་ཏེ་བོད་ཡིག་ཚིག་མཛོད་ཆེན་མོའི་འགན་འཛིན་མཆོག་ལ་རྩིས་སྤྲོད་བྱ་རྒྱུའི་གྲོས་ཐག་བཅད་པ་ལྟར།

vcxzzv.jpg
fffdsgs.jpg

   ད་ལན་སྤྱི་ཟླ་བརྒྱད་པའི་ནང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་མི་རྣམས་ད་ལན་རྩོམ་སྒྲིག་དཔར་སྐྲུན་དགོས་པའི་གོང་གསལ་སྡེ་ཚན་བཞི་དེ་ཐ་མའི་ཞུ་དག་དང་དག་བཤེར་གནང་རྒྱུའི་དུས་ཡུན་ཉིན་བཅུ་བདུན་ཙམ་རིང་དགེ་བའི་བཤེས་གཉེན་རྟོགས་ལྡན་བསྐལ་ཁོ་མཆོག་གིས་གཙོར་འགན་བཞེས་ཏེ་ཡུན་ནན་ཞིང་ཆེན་ཁུ་མིན་དང་ཏ་ལི་གྲོང་ཁྱེར་ཁག་ནང་ཡོད་པའི་ཁོང་གི་རྒྱ་རིགས་སློབ་མ་རྣམས་ཀྱིས་བསྟན་དོན་གྱི་ལ་རྒྱ་དང་།གལ་པོ་ཆེ་ལ་ནན་ཏན་དུ་དམིགས་ཏེ་ཁོང་དགེ་སློབ་ཐུན་མོང་ནས་རྩོམ་སྒྲིག་ཚོགས་མི་རྣམས་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ནས་རང་རྒྱལ་གྱི་ཕྱོགས་སོ་སོ་ནས་ཡུན་ནན་ཏ་ལིའི་གྲོང་ཁྱེར་དུ་གདན་ཞུ་བྱས་ཏེ་ཚེས་ཉེར་དྲུག་བར་རྣམ་པ་ཚང་མར་ཕར་ཚུར་ཕེབས་སྐྱེལ་གྱི་འགྲོ་དོན་དང་བཞུགས་གནས། བཞུགས་རིང་ཟས་གྲོན།

vczx.jpg
gsgs.jpg

   ལས་ཁུངས་སོགས་ཆ་ཚང་མཐུན་རྐྱེན་དང་རོགས་སྐྱོར་གནང་བ་མ་ཟད། རྩོམ་སྒྲིག་པ་རྣམས་ལས་དོན་ལེགས་གྲུབ་བྱུང་མཚམས་ཡུན་ནན་ཏ་ལིའི་གྲོང་ཁྱེར་གྱི་མཛེས་ལྗོངས་དང་།གྲགས་ཅན་གྱི་གནའ་ཤུལ།ཕྱོགས་ཕན་ཡུལ་བསྐོར་ལྟེ་གནས།ལྷག་ཏུ་གནས་མཆོག་རི་བོ་བྱ་རྐང་སོགས་ལ་གནས་བསྐོར་མཆོད་མཇལ་དང་།བལྟ་བསྐོར་སོགས་སྣེ་ལེན་ཟབ་རྒྱས་གནང་སྟེ་ཚེས་ཉེར་དྲུག་ཉིན་ཡུན་ནན་ཁུ་མིན་གནམ་ཐང་ནས་ཁྲི་འདུ་བར་ཕེབས་སྐྱེལ་ཞུས།

fa.jpg
eqrwr.jpg

   དེ་ནས་ཚེས་ཉེར་བརྒྱད་ཉིན་ཁ་དོན་ཚིག་ལ་གནས་དགོས་པའི་གྲོས་ཆོད་ལྟར་ཁྲི་འདུར་བོད་ཡིག་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་རྒན་འཇམ་དགའ་ལགས་དང་།བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་པའི་རྩོམ་སྒྲིག་པའི་འགན་འཛིན་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་།གཞན་ཡང་རྩོམ་སྒྲིག་རྒྱུན་ལས་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། སེང་སྤྲུལ་རིག་འཛིན་ཉི་མ། པཎ་ཙ་བསྟན་འཛིན་དར་རྒྱས། རྟོགས་ལྡན་བསྐལ་ཁོ། དེ་ནས་དགེ་བཤེས་ཤེས་རབ་གྲགས་པ། དགེ་བཤེས་བསོད་ཁོ།ཉག་སྤྲུལ་བསོད་ནམས་རྒྱ་མཚོ།རིན་སྤུངས་ཚུལ་བསྟན་བཅས་ཚང་འཛོམས་གནང་སྟེ་སྤྱིར་བོད་ཡིག་ཚིག་མཛོད་ཆེན་མོའི་ལས་ཀའི་བརྒྱུད་རིམ་ཁག་གི་ལས་དོན་སྒྲུབ་ལུགས་དང་།

hgfdh.jpg
fasa.jpg

   ཁྱད་པར་དུ་གོང་གསལ་འདི་ལོའི་བོན་གྱི་སྡེ་ཚན་ཁག་བཞི་སྔོན་ནས་དཔར་སྐྲུན་གནང་རྒྱུར་མ་ཡིག་རྣམས་ཐ་མའི་ཞུ་དག་གཏན་འབེབས་ཟིན་པའི་དུས་ཡུན་གྱི་འཆར་གཞི་བཞིན།ད་ལན་སྤྱི་ཟླ་བརྒྱད་པའི་ཟླ་མཇུག་ལ་ལས་དོན་མཇུག་སྒྲིལ་ཏེ་བོད་ཡིག་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་རྒན་འཇམ་དགའ་མཆོག་ལ་རྩིས་འབུལ་དགོས་རྒྱུའི་ཆོད་དོན་ལྟར་ཉིན་འདིར་ཁྲི་འདུར་ཚང་འཛོམས་གནང་སྟེ་འདི་ལོར་དཔར་བསྐྲུན་གནང་རྒྱུར་བོན་གྱི་སྡེ་ཚན་ཁག་བཞིའི་ཐ་མའི་ཞུ་དག་གི་མ་ཡིག་ཆ་ཚང་རྩིས་འབུལ་ཞུས་ལ།

vczxfgsd.jpg
vxzv.jpg

   དེ་མིན་བོན་གྱི་སྡེ་ཚན་གཞན་པ། བོན་གྱི་ཐ་སྙད་སྤྱི་དང་། བོན་གྱི་གནས་རི་སྒྲུབ་གནས་སྐོར། ལྷ་དང་སྲུང་མའི་སྐོར།བོན་གྱི་གསུང་རབ་སྐོར་བཅས་བོན་གྱི་སྡེ་ཚན་འཕྲོ་མ་ཁག་བཞི་དེ་འདི་ལོའི་ལོ་མཇུག་ལ་ལས་དོན་སྐྱར་ཞིབ་དང་སྡེ་ཚན་སོ་སོར་དཔར་སྐྲུན་གྱི་ཐ་མའི་ཞུ་དག་སྐོར་གྱི་ལས་དོན་སྒྲུབ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་རྩོམ་སྒྲིག་ཚོགས་མི་རྣམས་ལོ་མཇུག་ཏུ་བོན་གྱི་སྐད་བསྒྱུར་ཚོགས་འདུ་འཚོགས་ཟིན་མཚམས་ལྷན་འཛོམས་གནང་སྟེ་ཁྲི་འདུར་ཉིན་ཉི་ཤུ་ལྷག་ཙམ་རིང་གོང་གསལ་སྡེ་ཚན་ཁག་བཞིའི་ལས་དོན་མཇུག་སྒྲིལ་ཐབས་གནང་རྒྱུའི་གྲོས་ཐག་བཅད་པ་བཅས་སོ།།

sgdfsfgd.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།