རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དུ་ཀྲུང་གོའི་ཞང་ཞུང་རིག་གནས་འཚོལ་བ།

[ཟླ་ཚེས། 2015-06-27 18:53:52][རྩོམ་པ་པོ། རྒྱལ་རོང་བཤད་སྒྲུབ་སློབ་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1-1.jpg1-2.jpg

      2015.6.27གྱི་སྔ་དྲོར། བོད་རིག་པའི་མཁས་དབང་བཙན་ལྷ་ངག་དབང་ལགས་དང་། འཇམ་དཔལ་རྒྱ་མཚོ། སྟོང་སྐོར་ཚེ་རིང་ཐར་སོགས་ཕྱོགས་སོ་སོའི་ཤེས་ལྡན་ཞིབ་འཇུག་པ་ལྔ་བཅུ་ལྷག་རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དགོན་དུ་ཀྲུང་གོའི་ཞང་ཞུང་རིག་གནས་ཉམས་ཞིབ་ཏུ་ཕེབས་པ།

2-1.jpg2-2.jpg

       ཆེད་མཁས་ཞིབ་འཇུག་པ་ལྷན་རྒྱས་ནས་རྒྱལ་རོང་མཚོ་སྟེང་དགོན་དུ་གནའ་བོའི་ཞང་ཞུང་དང་འབྲེལ་བའི་ཤུལ་བཞག་རིག་གནས་འཚོལ་སྡུད་དང་རྟོག་ཞིབ་གནང་བཞིན་པ།

3-1.jpg3-2.jpg

      རྒྱལ་རོང་སྐྱབས་རྗེ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་མཆོག་དང་ས་གནས་ལོ་རྒྱུས་བ་རྒན་པ་ཚེ་དབང་རྒྱལ་མཚན་དང་གཡུང་དྲུང་བསྟན་འཛིན་སོགས་ཀྱིས་ཞིབ་འཇུག་པ་རྣམ་པར་ཆུ་ཆེན་རྫོང་ཁྲོ་སྐྱབས་ཞང་ཞུང་རིག་གནས་ངོ་སྤྲོད་སྒྲོག་རྒྱང་ཞུ་བ།

4-1.jpg4-2.jpg

      རྒྱལ་རོང་སྐྱབས་རྗེ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་ཚང་དང་ཞང་བོད་རིག་པའི་ཆེད་མཁས་པ་བཙན་ལྷ་ངག་དབང་། འཇམ་དཔལ་རྒྱ་མཚོ། སྒོ་རིགས་ཤེས་རབ་གྲགས་པ། སྟོང་སྐོར་ཚེ་རིང་ཐར། ལྷ་སྟེང་བླ་མ་པདྨ་རིན་ཆེན། ཐེངས་འདིའི་ཞིབ་འཇུག་པ་རྣམས་ཀྱིས་ཁྲོ་བོའི་གར་འཆམ་གྱི་རིག་གནས་ལ་རྒྱུས་ལོན་གཟིགས་ཞིབ་གནང་བ།

5-1.jpg5-2.jpg

      ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་ཆེད་དུ་རྒྱལ་རོང་ཆུ་ཆེན་གྱི་ཞང་ཞུང་རིག་གནས་བྱ་བར་རྟོག་ཞིབ་ཟིན་བྲིས་མཛད་པ།

6-1.jpg6-2.jpg

      རྒྱལ་རོང་སྐྱབས་རྗེ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་ཚང་དང་བཙན་ལྷ་ངག་དབང་། སྒོ་རིགས་ཤེས་རབ་གྲགས་པ་བཅས་ཀྱིས་སྟོང་སྐོར་ཚེ་རིང་ཐར་ལགས་དང་ཐུགས་མཇལ་གནང་སྟེ་ཞང་ཞུང་རིག་གནས་ཀྱི་གནས་བབ་ལ་གཞིགས་པ་བཅས་ཐ་ཚན་མུ་ཙུག་སྨར་རོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།