བཤེས་གཉེན་གྱི་འོད་སྣང་།

[ཟླ་ཚེས། 2015-02-14 15:57:45][རྩོམ་པ་པོ། དབྲ་ཁྱུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 05.jpg

   རྒྱལ་བ་སྨན་རིའི་དགེ་བཤེས་ཆེན་མོ་གར་ཚ་གཡུང་དྲུང་རྒྱལ་མཚན་ནི།སྤྱི་ལོ་༼༡༩༧༠/༡/༣༽བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་སྤུ་རྒྱལ་གངས་དཀར་གྱི་མདུན་དུ་ཡབ་གར་ཚ་དགའ་རྣམ་དང་ཡུམ་གླིང་ཟ་ཚེ་རིང་གཡང་སྐྱིད་ཀྱི་སྲས་སུ་སྐྱེས། ༡༩༨༤ལོར་ཁྱུང་བླ་བསྟན་པ་རྒྱལ་མཚན་རིན་པོ་ཆེའི་མདུན་ནས་ཡབ་སྲས་སྔོན་འགྲོ་སོགས་ཞུས་ནས་སྦྱོང་བ་མཛད།

08.jpg

   ༡༩༨༨ལོར་སྨན་རིར་ཕེབས་ཏེ་སྤྲུལ་སྐུ་སྦྱིན་པ་རྒྱལ་མཚན་གྱི་མདུན་ནས་རབ་བྱུང་སྒྲུབ། གཞན་གཡུང་དྲུང་གླིང་གི་ཤེས་རབ་མཆོག་ལྡན་དང་ཀུན་བཟང་བཟང་བློ་གྲོས་རྣམ་གཉིས་མདུན་ནས་མཚན་ཉིད་སྐོར་སློབ་སྦྱོང་གནང་བ་དང་། མཁར་སྣའི་མཚམས་པ་གཡུང་དྲུང་རྒྱལ་མཚན་མདུན་ནས་དངོས་གཞིའི་ངོ་སྤྲོད་སོགས་ཞུས་ནས་སྦྱོང་། ༡༩༨༩ལོར་རྒྱ་གར་སྨན་རིའི་གླིང་དུ་འབྱོར་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་ཞུགས་ཏེ། རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་མདུན་ནས་ཁྲིད་ལུང་མན་ངག་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཞུས་ཏེ་སྤྱི་ལོ་༢༠༠༠ལོར་རྒྱལ་བ་སྨན་རི་བའི་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་པ་དང་།

0.jpg2.jpg

   གཞན་ཡང་ཡུལ་མིའི་རེ་ལྟོས་ཇི་བཞིན། ཅོང་རི་དགོན་གྱི་མཁན་པོ་རུ་མངའ་གསོལ་ནས་ཁྲི་བཞེངས་གནང་། སྤྱི་ལོ་༢༠༠༡ལོར་རང་ཡུལ་དུ་ཕེབས། དང་པོ་རང་ཁྱིམ་དུ་མ་རྒྱུད་སྒྲུབ་པ་ཞག༼༡༠༠༽བསྡད་དེ་ཞོར་གྲོང་མི་ཚོ་ལ་བཀའ་ལུང་རྒྱ་མཚོ་ཁྲིད། དེ་ནས་ཡུལ་མིའི་འདུན་པ་ལྟར་ཅོང་རི་དགོན་དུ་འབྱོར་ནས་བོད་ཡུལ་མའི་སྒྲུབ་པ་ཞག་ ༼༦༠༽ དང་ཚེ་སྒྲུབ་ཞག་ ༼༡༠༠ ༽དྲེའུ་དམར་སྒྲུབ་པ་ཞག་ ༼༢༥ ༽མ་རྒྱུད་སྒྲུབ་པ་ཞག༼༡༠༠ ༽བཅས་བཞུགས། དེ་སྐབས་བོན་ཞུས་འགའ་ལ་སྔོན་དངོས་ཁྲིད་མཛད།

06.jpg

   སྤྱི་ལོ་༢༠༠༢ནས་ལོ་བཅུ་གཉིས་ལ་ཐོ་ཕྱིར་མི་འགྲོ་བའི་དམ་བཅས་ཏེ་རྒྱལ་ཟླའི་ཚེས་བཅོ་ལྔ་ནས་སྒྲུབ་སྒོ་བསྡམས་ནས་སྤྱི་ལོ་༢༠༡༥ལོའི་བར་མི་ལོ་བཅུ་གཉིས་རིང་ལ་སྒྲུབ་པ་ཉམས་ལེན་རྐྱང་བ་མཛད།

04.jpg03.jpg

   དེའི་རིང་གཙོ་བོ་མ་རྒྱུད་བསྙེན་ཚད་སྒྲུབ་པ་ཚུལ་བཞིན་དང་སྔ་དགོང་ཐུན་བཞི་དང་སྦྱིན་པ་རྣམ་བཞི། ཉིན་གུང་བོན་ཞུས་རྣམས་ལ་ཨ་སྙན་རྫོགས་གསུམ་གྱི་དཔེ་ཁྲིད་གནང་བས་དེང་ཆར་སློབ་མ་གྲྭ་བཙུན་རྒྱུན་སྡོད་བརྒྱ་ལྷག་ཡོད་པ་དེ་རྣམས་ལ་འཁོར་དུས་གཉིས་རེ་དཔེ་ཁྲིད་གནང་བ་དང་།

02.jpg

   ཁྱད་པར་དུ་མི་༨༥ ཙམ་ལ་མ་རྒྱུད་སྒྲུབ་གྲྭ་ལོ་གསུམ་རིང་སྒྲུབ་སྒོ་བསྡམ་སྟེ་མཐར་བསྐྱངས། འདི་ལོར་ཡང་སངས་རྒྱས་བསྟན་པ་སྤྱི་ལ་ཕན་ཕྱིར་མ་རྒྱུད་སྦྱིན་སྲེག་རྒྱས་པ་གྲྭ་བཙུན་བརྒྱ་ལྷག་གིས་ཉིན་བཅུའི་རིང་ཞུས་པ་དང་།

01.jpg01.jpg

   མཇུག་ཏུ་དད་ལྡན་ལྷ་སྡེ་རྣམས་ཀྱིས་བླ་མ་རིན་པོ་ཆེ་ལ་དད་རྟེན་དུ་བརྟན་བཞུགས་རྒྱས་འབུལ་ཞུས་ནས་བླ་སློབ་ཀུན་ཉིན་གསུམ་རིང་གཏང་རག་སྤྲོ་སྐྱིད་ཀྱི་དུས་ལ་རོལ་བའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།