ཤར་སྐྱང་ཚང་དགོན་གྱི་༧དཔོན་སློབ་མཆོག་གི་ཉེ་ཆའི་མཛད་བཟང་གནད་བསྡུས།

[ཟླ་ཚེས། 2014-12-13 19:01:50][རྩོམ་པ་པོ། བཀྲ་ཤིས་དོན་འགྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་ཟིང་ཆུ་ཤར་སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་དཔོན་སློབ་རྗེ་བཙུན་༧ཚུལ་ཁྲིམས་དཔལ་འབྱོར་རྒྱ་མཚོ་མཆོག་གིས་དད་ལྡན་ཁྲི་ཕྲག་ལྷག་ལ་བཀའ་སློབ་སོགས་གནང་བའི་གནས་ཚུལ་གནད་བསྡུས།
02.jpg

ཚུལ་ཁྲིམས་དཔལ་འབྱོར་རྒྱ་མཚོ་ལས་བྱུང་བའི། །
གཞན་ཕན་ནམ་མཁའི་ནོར་བུ་འོད་པོ་ཆེས། །
གདུལ་བྱའི་བློ་མུན་སེལ་དང་ཆབས་གཅིག་ཏུ། །
བསྟན་འགྲོ་ཕན་བདེའི་པད་ཚལ་རྒྱས་པ་རྨད། །

03.jpg
དད་ལྡན་དམངས་ཚོགས། 

  ཅེས་བསྟོད་ཚིག་གི་ལྷ་དར་དཀར་པོས་མདུན་བསུས་ཏེ་སྐབས་སུ་གླེང་བ་བྱ་བ་ནི་མདོ་སྨད་ཟིང་ཆུ་ཤར་སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་བཙུན་༧ཚུལ་ཁྲིམས་དཔལ་འབྱོར་རྒྱ་མཚོའམ་ཡོངས་གྲགས་སུ་ཨ་ཁུ་ཕུར་ཁོ་མཆོག་གིས་ཅི་མཛད་དོན་དང་ལྡན་ཞིང་ཅི་གསུང་གཡུང་དྲུང་བོན་དང་འབྲེལ་བའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་སྟབས་ཁོང་རིན་པོ་ཆེའི་མཛད་རྗེས་ལ་འདི་ཞེས་བརྗོད་ཀྱིས་མི་ལངས་ལ་བརྗོད་ཀྱིས་ནུས་པ་ཡང་ནམ་མཁའ་འདོམ་གྱིས་འཇལ་བ་ལས་མ་འདས་ཤིང་།

04.jpg
༧ དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་རྒྱ་མཚོ་མཆོག
07.jpg
དད་ལྡན་དམངས་ཚོགས།

   ད་ལན་ཁོང་རིན་པོ་ཆེ་མཆོག་གིས་ལོ་རེའི་སྤྱི་ཟླ་དྲུག་པའི་ཚེས་གཅིག་ནས་ཉིན་བདུན་རིང་དང་། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ནས་ཉིན་བདུན་གྱི་རིང་ལ་ཕྱོགས་ཀྱི་མི་སེར་ཁྲི་ཕྲག་ལྷག་ལ་རང་བས་གཞན་གཅེས་ཀྱི་ཀུན་སློབ་ཡང་དག་གཙོ་བོར་བཟུང་སྟེ་གྲུབ་མཐའ་ཕྱོསག་ཞེན་གྱི་མདུན་པ་གྲོལ་བའི་བཀའ་སློབ་འཆད་ཁྲིད་སོགས་གནང་བ་སྟེ། དེ་ཡང་སྤྱི་ལོ་༡༩༩༩ལོ་ནས་བཟུང་ད་བར་དུ་མི་ལོ་བཅོ་ལྔ་ལྷག་སོང་ཡོད་ལ། དེ་ནས་ཁོང་གིས་སྐྱ་སེར་རྣམས་ལ་མ་ཏྲི་དང་དུ་ཏྲི་སུ། ཡིག་བརྒྱ། སྐུ་གསུམ་ཞིང་སྒྲུབ་སོགས་ཀྱི་ཁྲིད་དང་སྒོམ་བཟླ་ཟུང་འབྲེལ་གྱི་སྒོ་ནས་གསལ་དག་དབྱངས་དང་བཅས་གྲངས་སུ་བཟུང་བ་དང་། གཞན་ཡང་དད་ལྡན་མི་དམངས་ཡོངས་ལ་སྡིག་སྤང་དགེ་སྒྲུབ། ཡ་རབས་གཤིས་བཟང་། རྒྱལ་གཅེས་ཆོས་གཅེས། སྲོལ་ངན་བཀག་འགོག བཟང་པོའི་ལམ་བསྟན། འཚེ་མེད་ཞི་བདེའི་བྱ་སྤྱོད་སོགས་ཚེ་འདི་དང་ཕྱི་མ་ཀུན་ལ་ཕན་པའི་བསླབ་བྱ་བཟང་པོ་ཕངས་མེད་དུ་ལྷུག་སྩོལ་གནང་བ་དང་།

09.jpg
08.jpg
དད་ལྡན་དམངས་ཚོགས།

   དེ་ཕྱིར་དེང་གི་ཆ་ལ་མཚོན་ན་ཡང་མདོ་སྨད་ཟིང་ཆུ་ཕྱོགས་ཀྱི་དད་ལྡན་མི་དམངས་རྣམས་ལ་བཀའ་དྲིན་ཆེ་ཤོས་ཆགས་ཡོད་པ་དང་། དེ་བཞིན་ཁོང་རིན་པོ་ཆེ་མཆོག་མ་འོངས་པར་མུ་ནས་མུ་རུ་མཐུད་ནས་བསྟན་འགྲོའི་དོན་དུ་ཞབས་པད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་སྲིད་མཐའི་བར་དུ་གནས་པའི་སྐྱབས་ཞུ་དང་བཅས།

ཞེས་ཁོང་གི་ཚ་བུ་བཀྲ་ཤིས་དོན་འགྲུབ་ཀྱིས་གནས་ཚུལ་ཟུར་ཙམ་སྤེལ་བའོ། །
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།