བོན་གྱི་སྤྱི་རིམ་ཆེན་མོ།

[ཟླ་ཚེས། 2014-09-27 20:47:52][རྩོམ་པ་པོ། ][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་པོ་སྒང་རུ་དར་རྒྱས་དགོན་༼  ཁྱུང་ལྔ་རིག་སློབ་གླིང་  ༽དུ་བོན་གྱི་སྤྱི་རིམ་ཆེན་མོ་ཀུན་རིགས་གཙོ་སྟོང་འཁོར་བརྒྱའི་མཆོད་ཚོགས་ཆེན་མོ་འཚོགས་པ།
20140801_083831.jpg20140806_110544.jpg

   དེ་ཡང་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་བཀའ་དགོངས་གཞིར་བཟུང་ཐོག བོན་གྱི་སྤྱི་རིམ་ཆེན་མོ་ཀུན་རིགས་གཙོ་སྟོང་འཁོར་བརྒྱའི་མཆོད་ཚོགས། སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་ངམ་༼ཁྱུང་ལྔ་རིག་སློབ་གླིང་༽དུ་ལེགས་གྲུབ་བྱུང་བའི་གསར་གནས།

20140806_130913.jpg1.jpg
 ~$N]O~H}62(3E%@7UE]{HUP.jpg20140728_103457.jpg

   ༧འདི་བཞིན་རྒྱུ་རྩོལ་གྱི་བྱ་བ་ཁུར་དུ་འབད་དགོས་པའི་དམིགས་འདུན་ནི། སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཡི་གཙུགས་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམས་གཉིས་དང་། དམུ་རིགས་གཤེན་གྱི་གདུང་སྲས་རིན་པོ་ཆེ་གཙོས། བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་བཞེད་དགོང་མཐའ་དག་གེགས་མེད་དུ་འགྲུབ་པ་དང་། འདི་ཕྱིའི་ཕན་བདེ་མ་ལུས་པ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དང་འབྲེལ་ཡུན་གནས་ཡུང་བ་དང་། མཁའ་ཁྱབ་སེམས་ཅན་ཐམས་ཅད་། ཚེ་འདིར་བདེ་སྐྱིད་ལྡན་ཞིང་། ཕྱི་མར་ཡང་དལ་རྟེན་རིམ་བརྒྱུད་ཐོག མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འཁོད་པར་བྱ་བའི་ཆེད་དུ་དམིགས་ནས། 

2.jpg3.jpg
0WYXVLBXRG%T{AF`8S[R{DS.jpg20140806_110814.jpg

   ༡༽བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་གཙོས། བླ་མ་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ལས་ལྷག་པ་དབུ་བཞུགས་ཐོག གྲྭ་བཙུན་སྔགས་འཆང་བརྒྱ་ཕྲག་གསུམ་ལས་བརྒལ་བ་ལྷན་དུ་འཛོམས་ནས། གཞུང་ལུགས་དངོས་ཀྱི་་གོ་རིམ་བཞིན། སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་ངམ་༼ཁྱུང་ལྔ་རིག་སློབ་གླིང་༽དུ་། རྒྱལ་བ་སྨན་རིའི་ཕྱག་ལན་ཇི་བཞིན་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་པ་གཙོ་སྟོང་འཁོར་བརྒྱའི་མཆོད་ཚོགས་རྒྱས་འབུལ་ལེགས་གྲུབ་བྱུང་བ་དང་འབྲེལ།

}{25MEB$4XXI`C1{38438(A.jpg20140804_115130.jpg

༢༽ལྷ་སྡེ་ཡོངས་ནས་དགའ་དགའ་སྤྲོ་སྤྲོའི་ངང་། སྲོལ་རྒྱུན་རིག་གནས་རྒྱུན་སྐྱོངས་དང་འབྲེལ་། སྒང་རུ་དར་རྒྱས་དགོན་༼དམངས་ཁྲོད་རས་པའི་སྒྱུ་རྩལ༽ཚོགས་པ་ནས་། ཉིན་གཉིས་རིང་སྲོལ་རྒྱུན་རས་པའི་རྒྱུ་རྩལ་དང་། ཡུལ་གོམ་དང་འབྲེལ་བའི་བྲོ་གླུ་གཞས་སོགས་ལ་རོལ་ནས་སྤྲོ་སྐྱིད་དུས་སྟོན་ལེགས་གྲུབ་བྱུང་བ།།

20140806_102635.jpg20140806_102542.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།