རྗེས་དེབ་ཀྱི་རྩོམ་བརྡ།

[ཟླ་ཚེས། 2014-07-25 13:00:34][རྩོམ་པ་པོ། ལོ་ཀའི་ཙཀྴུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2011101618254854.jpg 

   རྒྱལ་ཕྱི་ནང་ན་བཞུགས་པའི་ཤ་རུས་གཅིག་པའི་སྨྱུག་ཐོགས་རྩོམ་པ་པོ་ཡོངས་ཀྱི་ཉན་ལམ་དུ་ཞུ་གསོལ། མདོ་སྨད་ལྷོ་ཤར་མཚམས་ནས་སྐུ་མཆོག་མངོན་པར་བཞད་པའི་སྐྱེས་མཆོག་དམ་པ་ཡོངས་གྲགས་སུ་༧ཧོར་པ་དྲུང་རམས་པའམ་མཚན་དངོས་སུ་སྨོས་ན་བསྟན་འཛིན་བློ་གྲོས་རྒྱ་མཚོ་ཞེས་པ་ཁོང་རིན་པོ་ཆེ་ནི་སྤྱི་རྒྱལ་བ་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་གཡུང་དྲུང་བོན་གྱི་བསྟན་པ་དང་སེམས་ཅན་རྣམས་ལ་སྲིད་ཞུ་དང་རྔོ་ཐོག་མི་ཉུང་བའི་རླབས་ཆེན་གྱི་བྱ་བ་བྱས་མྱོང་ཡོད་ལ།༢༠༡༥ལོར་དམ་པ་མཆོག་གི་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་བཞི་བཅུ་འཁོར་བའི་དུས་ཚེས་དང་བསྟུན་ནས་དམ་པ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ངེད་དམ་པའི་གསུང་འབུམ་རྩོམ་སྒྲིག་ཚོགས་པའི་རྗེས་དྲན་གྱི་དེབ་ཞིག་བཟོ་འཆར་གྲོས་ཆོད་བྱུང་བར་བརྟེན་ཁྱེད་རྣམ་པས་རྗེས་དྲན་དང་འབྲེལ་བའི་རྩོམ་རེ་བསྐུལ་གནང་ཡོང་བའི་རེ་བ་ཡོད་པ་མཁྱེན་མཁྱེན་ཞུ། དེ་ཕྱིར་ཞི་དབྱིངས་སུ་གཞོལ་བའི་དམ་པ་རྣམས་རྗེས་སུ་དྲན་པ་ནི་ཡོན་ཏན་ཅན་ལ་གོང་བཀུར་དང་མཐོང་ཆེན་བྱེད་པའི་སྲོལ་བཟང་ཉག་གཅིག་ཡིན། རྩོམ་བསྡུ་དུས་ཚོད་༢༠༡༤།༡༡ཟླ་འགོའི་ཚུད་ཆད་ཡིན། རྩོམ་པ་པོ་རང་རང་སོ་སོ་ནས་མཚན་དང་བཞུགས་གནས་བཅས་འཁོད་སྤྲོད་གནང་བ་ཞུ།

རྩོམ་བསྐུལ་སའི་ཀློག་རྡུལ་ཡིག་ཟམ།songjidengzhou@gmail.com

ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་མཆོག་གི་རྣམ་ཐར། http://old.himalayabon.com/article/character/celebrity/20111016652.html

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།