སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།

[ཟླ་ཚེས། 2014-07-12 21:53:12][རྩོམ་པ་པོ། ཨ་དཔལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 7.jpg
ཨེ་མ་ཧོ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །
མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ། །
ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། །
ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག

6.jpg
5.jpg

   དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡གཅིག་གི་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ཟླ་བ་ལྔའི་ཚེས་བཅོ་ལྔ་ཉིན་ནི་༧རྒྱལ་བ་གཉིས་པ་མཉམ་མེད་རིན་པོ་ཆེའི་ཞལ་ཚབ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སྙིགས་དུས་ཀྱི་བསྟན་འགྲོའི་དོན་དུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་བརྒྱད་ཅུ་གྱ་དྲུག་ཕེབས་པའི་དུས་ཆེན་ཁྱད་པར་ཅན་ཉིན་ལ་མདོ་སྨད་ཟིང་ཆུ་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་གཙོས་པའི་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་བླ་གྲྭ་རྣམས་དང་སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་གི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་སོགས་བླ་གྲྭ་དུ་མ་མདོ་སྨད་གནས་ཆེན་ཤར་གཉན་དུང་རིའི་བོན་གྱི་དགོན་རྙིང་གསེར་མཚོ་གཡུང་དྲུང་དགོན་དུ་ཕེབས་ཏེ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་དབུ་བཞུགས་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་པའི་འཛམ་གླིང་གང་སར་བཞུགས་པའི་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་ཁྱབ་པའི་སྐྱབས་ཞུའི་ཞབས་བརྟན་སྒྲུབ་པ་དང་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་སེམས་ཅན་རྣམས་མྱུར་དུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་བསྔོ་སྨོན་བཅས་ཞུས་པའོ། །

5.jpg
བླ་གྲྭ་རྣམས་ཀྱིས་ཤར་དུང་རིའི་བོན་གྱི་དགོན་རྙིང་གསེར་མཚོ་གཡུང་དྲུང་དགོན་གྱི་མདུན་དུ་དར་ཆེན་འཛུགས་བཞིན་པ།

2.jpg
གནས་ཆེན་ཤར་གཉན་དུང་རི།
3.jpg
ཤར་གཉན་དུང་རིའི་མདུན་དུ་ཡོད་པའི་སྟག་ལའི་སྒྲུབ་ཕུག
3.jpg
1.jpg
གནས་ཆེན་དུང་རི་གསེར་མཚོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།