མགྲོན་བརྡའི་གཤེན་དབྱངས།

[ཟླ་ཚེས། 2014-06-20 19:58:30][རྩོམ་པ་པོ། ཨ་སྐྱིད་སྐྱང་ཚང་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཁས་བཙུན་བཟང་གསུམ་གྱི་བདག་ཉིད་དཔལ་ལྡན་བླ་མ་༧སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་བསྟན་འགྲོའི་དོན་ཆེན་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཏེ་མི་ལོ་བརྒྱད་ཅུར་སོན་པའི་དུས་སྟོན་ཆེན་མོ་སྤེལ་རྒྱུའི་༼  མགྲོན་ཤོག ༽ 
༡༢.jpg
༧.jpg

   རྒྱལ་ཕྱི་ནང་དུ་བཞུགས་པའི་སྐྱ་སེར་ཡོངས་ལ་ཞུ་རྒྱུ་ལ།  ༧ སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་སྙིགས་དུས་ཀྱི་བསྟན་འགྲོའི་དོན་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཏེ་མི་ལོ་བརྒྱད་ཅུར་སོན་པའི་དུས་སྟོན་ཆེན་མོའི་མཛད་སྒོ་སྟེ་སྤྱི་ལོ་༢༠༡༤ལོའི་ཟླ་བ་༧པའི་ཚེས་༡་ཉིན་ནས་ཟླ་དེའི་ཚེས་༥བར་དུ་སི་ཁྲོན་མཛོད་དགེ་རྫོང་ཨ་སྐྱིད་རོང་སྐྱང་ཚང་དགོན་དུ་སྤེལ་དུ་ཡིན་པས་ཕྱོགས་དང་རིས་སུ་མ་ཆད་པའི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་དང་དད་ལྡན་དམངས་ཚོགས་རྣམས་ཕེབས་པར་དགའ་བསུ་ཡོད། 

༼  གསལ་བཤད་ཞུ་རྒྱུ། ༽ ཕྱོགས་ཀྱི་སྐུ་མགྲོན་རྣམས་ལ་ངེད་ཨ་སྐྱིད་སྐྱང་ཚང་དགོན་གྱི་དམངས་བདག་ཨུ་ཡོན་ལྷན་ཁང་གིས་ཟླ་བ་གཅིག་གི་ཡར་སྔོན་ནས་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་དང་བླ་སྤྲུལ་མཁན་པོ་དགེ་བཤེས་གྲྭ་བཙུན་རྣམས་དང་། དད་ལྡན་དམངས་ཚོགས་གང་མང་ཞིག་ལ་མགྲོན་ཤོག་དེ་བསྐུར་ཡོད་མོད། འོན་ཀྱང་ཡུལ་དུས་དབང་གིས་རྐྱེན་པས་དུས་ལྟར་དུ་མགྲོན་ཤོག་མ་འབྱོར་བ་རྣམས་ལ་འདིར་ཆེད་དུ་བཀོད་པ་ལགས།

ཞེས་མཛོད་དགེ་ཨ་སྐྱིད་སྐྱང་ཚང་དགོན་གྱི་དམངས་བདག་ཨུ་ཡོན་ལྷན་ཁང་གིས་༢༠༡༤ལོའི་ཟླ་༦པའི་ཚེས་༢༠ཉིན། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།