བོན་གྱི་དགོན་སྡེའི་རྨང་གཞིའི་སློབ་དེབ་༼ཀ་ཁ་ག་ངའི༽པར་སྐྲུན་སྔོན་འགྲོའི་གཏམ་གླེང་ཚོགས་འདུ།

[ཟླ་ཚེས། 2014-05-31 20:11:59][རྩོམ་པ་པོ། རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

DSC05040.gif
DSC04901.gif
 སྤྱི་ལོ༢༠༡༤ལོའི་ཟླ༥ཚེས༣༡ཉིན་གྱི་དུས་ཚོད༢-༤བར་མདོ་སྨད་བོན་གྱི་བསྟི་གནས་ཆེན་པོ་སྣང་ཞིག་དགོན་དུ་བཙུགས་པའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་འཆད་རའི་ར་བར་དུ”བོན་གྱི་དགོན་སྡེ་རྨང་གཞིའི་སློབ་དེབ<<ཀ་ཁ་ག་ངའི>>པར་སྐྲུན་སྔོན་འགྲོའི་གཏམ་གླེང་ཚོགས་འདུ”དངོས་སུ་ཚོགས་འགོ་བཟུང་། ཚོགས་ཐོག་དེར་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་ཚང་དང་། སྣང་ཞིག་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དཀོན་གོ གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོའམ་དགེ་རྒན་ཆེན་མོ་ཚུལ་ཁྲིམས་རྒྱལ་མཚན་སོགས་སློབ་གླིང་གི་དགེ་རྒན་རྣམས་གཙོ་ཡིན་པའི་མི་སྣ་སུམ་བརྒྱ་ལྷག་དངོས་སུ་ཚོགས་ཐུབ་པར་བྱུང་།

DSC04904.gif

DSC04906.gif

   ཚོགས་འདུ་དེ་ནི་བོན་གྱི་རིག་གནས་ལོ་རྒྱུས་སྟེང་ལ་སྔ་ན་མེད་པའི་བོན་གྱི་རྨང་གཞིའི་སློབ་དེབ་པར་སྐྲུན་སྔོན་འགྲོའི་གཏམ་གླེང་ཚོགས་འདུ་ཞིག་ཡིན་ལ། དེ་ཡང་བོན་གྱི་གྲྭ་བཙུན་རྩོམ་པ་པོ་ཀ་ཤུལ་བསོད་རིན་ལགས་ཀྱིས་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་ཚང་གི་ཐུགས་བཀོད་དང་། རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་གཞི། སྣང་ཞིག་དགོན་པ་ཚང་གི་བཀོད་སྒྲིག་ཡོད་པའི་འོག་ནས་དུས་ཡུན་ལོ་གཉིས་ཙམ་རིང་རྩོམ་སྒྲིག་བྱས་ཏེ་ལེགས་གྲུབ་བྱུང་བ་ཞིག་རེད། དེ་ལྟར་ཚོགས་ཐོག་དེར་སྣང་ཞིག་སྐྱབས་མགོན་ཚང་གིས་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ངོས་ནས་ལས་ཀ་འདི་གལ་ཆེ་བ་ཡིན་ལུགས་སོགས་ཀྱི་སྒོ་ནས་གསུང་བཤད་གནང་ཞིང་། དཀོན་གོ་མཆོག་ནས་སྣང་ཞིག་དགོན་པ་ཚང་གིས་གཡུང་དྲུང་བོན་གྱི་མ་འོངས་བསྟན་པའི་འཕེལ་རྒྱས་ལ་དམིགས་ཏེ་ལས་ཀ་འདི་ལ་ཤུགས་ཆེན་པོའི་རྒྱབ་སྐྱོར་གནངས་དང་གནང་མུས་ཡིན་ཚུལ། ཚོགས་གཙོ་ཚུལ་ཁྲིམས་རྒྱལ་མཚན་སང་གིས་རྨང་གཞིའི་སློབ་དེབ་འདི་གལ་ཆེ་བ་ཡིན་ལུགས་དང་།

DSC04960.gif
DSC05024.gif

   ཚོགས་འདུ་འདི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནང་དུ་བསྡུ་དགོས་པའི་རྒྱུ་མཚན། ཀ་ཤུལ་བསོད་རིན་གྱིས་དེབ་རེ་རེའི་ནང་དོན་ངོ་སྤྲོད་དང་། དེའི་ཁྱད་ཆོས་སོགས་རིམ་པར་ངོ་སྤྲོད་བྱས་ཏེ་ཚོགས་འདུ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བར་མ་ཟད། ཚོགས་ཞུགས་ཕྱོགས་ཉེ་རིང་གི་སློབ་གྲོགས་ཡོངས་ལ་སློབ་དེབ་འདི་ཉིད་བརྒྱུད་སྒྲོག་དང་། འདི་ཉིད་ཀྱིས་བོན་ལ་ཕན་ཐོགས་ཡོང་བ་དང་། བོན་ལ་རྨང་གཞིའི་སློབ་དེབ་སྔ་ན་མེད་པ་ནས་ད་ནས་བཟུང་ཡོད་པའི་ངོ་སྤྲད་དེ། ཚང་མས་དགའ་སྤྲོའི་ཐལ་མོ་རྡེབ་སྒྲའི་འཛུམ་མདངས་ལས་ཚོགས་འདུ་འདི་མཇུག་ལེགས་པར་གྲུབ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།