གདན་ས་སྨན་རི་བའི་གྲྭ་ཚང་གཡས་རུ་དབེན་ས་ཁར་ཕེབས་པའི་གནས་ཚུལ་མདོར་བསྡུས།

[ཟླ་ཚེས། 2014-05-24 23:03:23][རྩོམ་པ་པོ། བདུད་རྩི་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   IMG_3974.JPG 
IMG_3964.JPG

   གཡས་རུ་དབེན་ས་ཁར་ཞེས་པའི་མཚན་སྙན་སྲིད་པ་གསུམ་ན་གྲགས་པའི་གནས་མཆོག་དེ་རུ་གདན་ས་སྨན་རི་བའི་བོན་གྱི་མཁས་གྲུབ་བྱེད་པོ་གཙུག་རྒྱན་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་མང་ཡོངས་ཀྱི་ཉིན་བཞིའི་རིང་ལ་སྔོན་བྱོན་སྐྱེས་ཆེན་ཚོའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་སྒོ་སྤེལ།

IMG_3962.JPG
IMG_3963.JPG

    ངས་འདི་ནས་ཉིན་བཞིའི་འགྲོ་རིམ་རག་རིམ་ཅིག་བཤད་ན།ཉིན་དང་པོའི་ཉིན་ཆུ་ཚོད་བཅུ་གཅིག་ཐོག་ལ་བྲུ་ཡི་འཁྲུངས་གཞིས་ནས་དཔོན་སློབ་རིན་པོ་ཆེ་དང་གྲྭ་མང་ཡོངས་ཀྱིས་བསང་བཏང་བ་དང་བསྟན་རྒྱས་སྨོན་ལམ་གསུངས། ཆུ་ཚོད་དང་པོའི་ཐོག་གྲྭ་མང་ཡོངས་ཀྱིས་ཚོགས་འདོན་དང་ཇ་མཆོད་ཀྱི་རྡུལ་དབྱངས་གྱེར་ནས་གསོལ་ཇ་བཞེས་བྱུང། ཆུ་ཚོད་གསུམ་པའི་སྟེང་དུ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེའི་གཡས་རུ་དབེན་ས་ཁའི་བསྟན་པ་དར་སྣུབ་གྱི་ལོ་རྒྱུས་མདོར་བསྡུས་རག་རིམས་གསུམ་གྱི་སྒོ་ནས་མདོ་བསྡུས་དང་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱིས་མཛད་རྗེས་དེ་རྗེས་སུ་དྲན་དགོས་ཚུལ་དང་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ནི་བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་སུ་ལེན་པ་ལ་རགས་ལས་ཡོད་པས་དེ་དག་ལ་འབད་དགོས་ཚུལ་དང་དེ་དག་ནི་སྒྲུབ་དགོས་ཚུལ་གྱིས་བཀའ་སློབ་གནང་བ།ཆུ་ཚོད་བཞི་བའི་ཐོག་དུ་དཔོན་སློབ་རིན་པོ་ཆེའི་མན་ངག་ལུང་གི་ཚད་མ་དང་རྣམ་འབྱེད་འཕྲུལ་སྡེ་དང་རྩོད་སྤོང་སྨྲ་བའི་སེང་གེ་སོགས་ཀྱི་ལུང་གནང་བ་དང་།

IMG_3966.JPG

   གཞན་གཡས་རུའི་སྟོན་པ་བཅོད་བརྒྱད་ཀྱི་མཛད་པའི་དཔེ་ལུང་མང་པོ་ཞིག་གི་ལུང་གནང་བ་ནི་ང་ཚོ་བསོད་ནམས་ཅིག་དང་མེས་པོ་གོང་མ་ཞིག་ལ་རྗེས་དྲན་དུ་འབུལ་བ་རེད། ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་ནས་བརྒྱད་བར་དུ་བཤད་གྲྭ་བའི་རྣམ་པ་རིག་གསུམ་གྱི་དབལ་ཁ་བཀླགས་ནས་འཆད་རྭ་ལ་ཚོགས་སོང་། སྒོམ་གྲྭ་བ་རྣམས་ཀྱིས་གསུར་དང་ལུས་སྦྱིན་སོགས་གསུངས་བ་དང་ཡང་ན་ཐུན་སྦྱང་གྱི་མགོ་བརྩམས་བྱུང་།

IMG_3967.JPG
IMG_3965.JPG

   ཉིན་གཉིས་པའི་ཉིན་ཆུ་ཚོད་དགུ་བའི་ཐོག་སྒོམ་གྲྭ་བ་རྣམས་ལ་དཔོན་སློབ་རིན་པོ་ཆེས་གཡས་རིའི་ཨ་ཁྲིད་ཆེན་མོའི་དཔེ་ཁྲིད་གནང་བ་དང་བཤད་གྲྭ་བ་རྣམས་ཞོགས་ཁའི་ཉི་ཟེར་དང་འགྲོགས་ནས་འཆད་རྭ་ནང་དུ་འཆད་རྩོད་རྩོམ་གསུམ་གྱིས་ཤེས་བྱ་སྒུམ་དུ་སོང་། བཅུ་ནས་བཅུ་གཉིས་བར་དུ་དཔོན་སློབ་རིན་པོ་ཆེའི་གཙོས་དགེ་རྒན་རྣམས་ཀྱི་རང་རང་གི་ཁྲིད་བྱ་དེ་ལུས་ངག་ཡིད་གསུམ་གྱི་ངང་ནས་ཤེས་རབ་གྱིས་དབལ་ཁ་བཀླགས་པའི་རང་གི་སློབ་མ་རྣམས་ལ་དཔེ་ཁྲིད་གནང་སོང་། ཆུ་ཚོད་དང་པོའི་ཐོག་དུ་གྲྭ་མང་ཡོངས་ཀྱིས་གསོལ་ཇ་བཞེས་བྱུང་། ཆུ་ཚོད་གཉིས་པ་ནས་དམ་བཅའ་འཚོགས་ཏེ་སློབ་བུ་རྣམས་ཀྱིས་གྲྭ་ས་ཆེན་པོ་གཡས་རུ་བའི་མཁས་གྲུབ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱིས་ཆེད་དུ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱིས་དྲི་མ་བསལ་ནས་དགག་སྒྲུབ་རིག་པའི་འཁོར་ལོ་གཡས་སུ་འཁོར་ནས་ཡོད།ཉིན་གསུམ་པའི་ཉིན་དགེ་སློབ་ཀུན་གྱིས་ངལ་གསོ་དང་ཞོར་དུ་གནས་བསྐོར་དུ་སོང་བ་རེད།

IMG_3971.JPG
IMG_3973.JPG
IMG_3972.JPG

   ཉིན་བཞི་བའི་ཞོགས་ཀ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དབུ་བཞུག་ཐོག་གྲྭ་མང་ཡོངས་ཀྱི་གྲྭ་ས་གཡས་རི་བ་ཆེན་པོའི་བསྟན་པ་མཁའ་ལ་ཉི་ཟླ་ཤར་བ་དང་ས་ལ་མེ་ཏོག་གྱིས་བསྒྲོད་པ་མ་ཆད་ཀྱི་བར་དུ་དར་ཞིང་རྒྱས་པའི་ཕྱིར་དུ་ཐལ་མོ་སྙིང་ཁར་སྦྱར་ནས་བསྟན་རྒྱས་སྨོན་ལམ་དང་ལྷ་རྒྱལ་སོགས་ཀྱི་མཇུགས་རྫོགས་པར་བྱས་པའོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།