ཐེངས་དང་པོའི་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་སློབ་གླིང་འཚོགས་ཟིན་པ།

[ཟླ་ཚེས། 2014-01-28 20:49:26][རྩོམ་པ་པོ། བྲག་ཚེ་དབང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    ༢༠༡༤ལོའི་ཟླ་དང་པོའི་ཚེས་གཉིས་སམ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བཟུང་དབྲ་སྲས་འཇའ་ལུས་པའི་གདན་ས་༸དཔལ་གཤེན་བསྟན་བདེ་ཆེན་བསམ་གཏན་སྨིན་གྲོལ་གླིང་དུ་ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་དར་སྤེལ་ལྟེ་གནས་ལྷན་ཚོགས་ཀྱིས་གོ་སྒྲིག་ལྟར་ཟླ་འདིའི་ནང་དུ་ཕྱོགས་ཀྱི་སློབ་མ་ཁག་གི་གུང་གསེང་དང་སྟབས་བསྟུན་༼ཞང་བོད་རྒྱུན་ཤེས༽སྐོར་ཐེངས་དང་པོར་མཉམ་ཞུགས་གནང་མཁན་ཕྱོགས་མཐའ་སོ་སོ་ནས་ཕེབས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དགུ་ཙམ་གྱི་སློབ་མ་ཁྱོན་དྲུག་ཅུ་ལྷག་ཙམ་མཉམ་ཞུགས་བྱུང་།

11.JPG22.JPG

      དེ་ནི་སྤྱིར་སྟངས་བོན་གྱི་བསྟན་སྲིད་དར་ས་ཞིག་ལ་བསམ་ན་ཅིང་རྩ་ཆེན་དང་ངོ་མཚར་ཆེས་རྒྱུ་མེད་མོད། ས་གནས་འདིར་མཚོན་ན་ཧ་ཅང་གི་དོན་ཆེན་ཞིག་ཏུ་བརྩིས་རུང་། རྒྱུ་མཚན་ནི་ཡུལ་འདི་ན་འཇའ་ལུས་པ་དབྲ་སྲས་ཟླ་བ་གྲགས་པ་མཆོག་དང་ནམ་མཁའ་འོད་ཟེར་རིན་པོ་ཆེ་སོགས་ཕེབས་པ་མ་ཟད་དུས་རབས་བཅུ་གསུམ་ཙམ་གྱི་ཡར་སྔོན་ནས་ལོ་རྒྱུས་ཡོད་པའི་གནས་ཁྱད་པར་བ་ཞིག་ཡིན་ཡང་། དུས་ཀྱིས་འགྱུར་འགྲོས་དང་སྡེ་བའི་ཉེ་གནས་ཀྱི་ཆོས་ལུགས་གྲུབ་མཐའ་སོགས་གཞན་དབང་ཤུགས་རྐྱེན་ཆེས་པའི་ས་གནས་ཞིག་ཏུ་གྱུར་ཡོད་པས་སོ།། འདི་ལྟར་བཤད་པ་ཙམ་གྱིས་ཡིད་ལ་འཆར་ཐོབ་པ་དཀའ་མོད་ཀྱང་འདི་ཕྱོགས་སུ་གནས་མཇལ་ཕེབས་རིགས་རྣམ་པའི་ཐུགས་ལ་གསལ་ཁོ་ཐག་ཡིན། གང་ལྟར་༼ཞང་བོད་རྒྱུན་ཤེས་རིག་གཞུང་ཞིབ་འཇུག་དར་སྤེལ་ལྟེ་གནས་ཀྱི་སློབ་གླིང་༽གི་སློབ་མ་ཚོ་༼ཞང་བོད་རྒྱུན་ཤེས༽སྐོར་ཚོགས་ཐུབ་པ་མ་ཟད་ད་རེའི་བགྲོ་གླེང་སོགས་འཚོགས་པ་དེ་ཡང་འདི་གའི་གཞིས་དགོན་གཉིས་ཀྱི་བསྟན་སྲིད་ཀྱི་གོམ་པ་དང་པོ་དེ་ཡིན་ཞེས་བཤད་སྤོབས། ཕྱི་ཟླ་འདིའི་ཚེས་༢༦ཉིན་ཁ་དགེ་བཀྲ་ཤིས་ངང་ཚོགས་ཐེངས་དང་པོོ་ལེགས་པར་མཇུག་སྡོམ་གྱིས་ལེགས་པར་གྲུབ།

33.JPG44.JPG

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།