ཉིང་ཧྲན་བོན་འབངས་ཀྱིས་རྒྱ་འོབས་ཞི་བར་གཤེགས་པར་བསྔོ་སྨོན་གསུངས་པ།

[ཟླ་ཚེས། 2013-11-30 13:13:07][རྩོམ་པ་པོ། ཧྲེ་ཤུལ་ཤེས་རབ་བཟོད་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།།ཉིང་ཧྲན་བོན་འབངས་ཀྱིས་བསྟན་རྒྱས་གླིང་ནས་རྒྱལ་ཚབ་ཞི་བར་གཤེགས་པར་བསྔོ་བ་སྨོན་ལམ་གསུངས་པ།
01.jpg

ད་ལོའི་བོད་ཟླ་༡༠ ཚེས་༢༠ཉིན་སྟེ་ཕྱི་ཟླ་༡༡ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དགུ་དང་སྐར་མ་ཉེར་བཞིའི་ཐོག་མདོ་སྨད་རྔ་བའི་སྣང་ཞིག་དགོན་གྱི་རྒྱལ་ཚབ་དམ་པ་རྒྱ་འོབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ཐོག་དགོངས་པ་བོན་དབྱིངས་སུ་ཐིམ་ པའི་གནས་ཚུལ་སྐྱོ་བོ་དེ་ཉིང་ཧྲན་ཁུལ་གྱི་ཉམས་ཐག་བོན་འབངས་རྣམས་ཀྱིས་ཐོས་འཕྲལ་སེམས་སྐྱོ་བ་ཆེན་པོའི་སྒོ་ནས་མྱ་ངན་ཞུས།

02.jpg

བསྟན་རྒྱས་གླིང་གི་འདུ་ཁང་བཞེངས་གྲུབ་མེད་ན་ཡང་ །ས་དེའི་དད་ལྡན་བོན་འབངས་རྣམས་ཀྱིས་དགུན་གྱི་ཙག་རླུང་ངར་མའི་གདུག་རྩུབ་ལ་མ་འཛེམས་པར་ལྷག་རླུང་ཀྱང་ཁོག་དཀའ་བའི་འགྱིག་གུར་ནང་ནས་རྒྱལ་ཚབ་ཞི་བར་གཤེགས་པར་གང་ནུས་ཅི་འཇོན་གྱིས་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་བ་སྨོན་ལམ་གསུངས།

03.jpg

ཉིང་ཧྲན་གྱི་བོན་འབངས་དད་ལྡན་པ་རྣམས་ཀྱིས་དུས་རབས་ཀྱི་རླུང་འཚུབ་ཁྲོད་ནས་བོན་འདི་མ་བརྗེད་ལ།ལོ་ཟླའི་འགྱུར་ལྡོག་ཁྲོད་ནས་བོན་འདི་མ་བསྐྱུར་བར་དད་མོས་རྩེ་གཅིག་བཅིང་ནས་ཡོད།

04.jpg

གཡུང་དྲུང་བོན་གྱི་བསྟན་པ་ཉམས་པ་སླར་གསོི་དང་མ་ཉམས་གོང་སྤེལ་ལ་བརྩོན་ནས་ཡོད། ཆ་རྐྱེན་ སྡུག་པོ་འདི་འདྲ་བསྒྱུར་བར་ལྷག་བསམ་དཀར་བ་དང་བསྟན་དོན་ལ་བསམ་མཁན་གྱི་སྐྱེས་བུ་གང་མང་ལ་རེ་དགོས་པས་ཐུགས་ཁུར་བླ་ལྷག་གནང་བར་ཐུགས་རྗེ་ཆེ།
             

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།