དགེ་བཤེས་ཆེན་མོ་བཞི་ལ་དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་གནང་བ།

[ཟླ་ཚེས། 2013-11-10 10:49:13][རྩོམ་པ་པོ། སྨོན་ལམ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_0046.jpg

ཉེ་ཆར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཡུང་དྲུང་བོན་གྱི་དགེ་བཤེས་ཆེན་མོ་རྣམ་པ་བཞི་ལ་དགེ་རྒན་ཆེན་མོའམ་ཡོངས་འཛིན་གྱི་ཐོབ་ཐང་ལག་ཁྱེར་གནང་ཡོད་པ་རེད།

L1040570.jpg

   དེ་ཡང་སྨན་རིའི་དགེ་བཤེས་དཔལ་ཀླུ་ཕུག་དགོན་གྱི་དཔོན་སློབ་གཡུང་དྲུང་གཙུག་ཕུད་ལགས་དང་། སྨན་རིའི་དགེ་བཤེས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཤེས་རབ་མཐར་ཕྱིན་ལགས། སྨན་རིའི་དགེ་བཤེས་རྔ་བ་སྣང་ཞིག་དགོན་ཆེན་གྱི་དཔོན་སློབ་ཟུར་བ་ཤེས་རབ་གྲགས་པ་ལགས། སྣང་ཞིག་དགེ་བཤེས་ཁྱུང་བོ་ཀོ་རྒྱལ་དགོན་གྱི་དགེ་རྒན་གཡུང་དྲུང་ཚུལ་ཁྲིམས་ལགས་བཅས་ལ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་གཉིས་པའི་དགེ་རྒན་ཆེན་མོའམ་ཡོངས་འཛིན་གྱི་ཐོབ་ཐང་ལག་ཁྱེར་གནང་ཡོད་པ་རེད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།