ཧི་མ་ལའི་རིག་མཛོད་དྲ་ཚིགས་དངོས་སུ་ཤར་གཏོང་བྱས་པ།

[ཟླ་ཚེས། 2013-10-03 18:22:58][རྩོམ་པ་པོ། བསིལ་རླུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11-(1).jpg
11-(3).jpg

 དྲ་ཚིགས་འདི་ནི་ཡུན་རིང་ལ་སྒྲོམ་གཞི་བཟོས་ཤིང་ཡུན་ཐུང་གིས་ལམ་ལ་ཆས་པའི་དྲ་ལམ་གྱི་འགྲོན་པོ་གསར་བ་ཞིག་ཡིན་པ་མ་ཟད། བོད་ནང་གི་རིག་མཛོད་ཆེད་ལས་དྲ་བ་ཆེས་ཐོག་མ་དང་ཆེས་ཆེ་ཤོས་ཡང་ཡིན། དྲ་ཚིགས་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་མི་འདྲ་བ་གསུམ་ཡོད། བོད་ཀྱི་ཆོས་རིག་གིས་བསྡུས་པའི་རིག་གཞུང་མཐའ་དག་གློག་རྡུལ་དུ་ཕབ་སྟེ། གཅིག་འཕྲུལ་དེབ་ཀྱི་རྣམ་པ་དང་། གཞན་ལྟ་ཀློག་གི་རྣམ་པ་སྟེ་ལམ་མི་འདྲ་བ་གཉིས་ཀྱི་སྒེའུ་ཁུང་བརྒྱུད་ནས་འཛམ་གླིང་གི་ཀློག་པ་པོ་ཡོངས་ལ་སྟབས་བདེ་ངང་ནས་མཁོ་སྤྲོད་བྱ་ཐུབ་པར་བྱས་ཡོད་པ་དང་། རྣམ་པ་གཞན་ཞིག་ནི་གནའ་དེང་གི་ཐུན་མིན་བོད་ཀྱི་ཤེས་བྱ་ཀུན་འདུས་ཏེ་འཚོལ་བཤེར་གྱི་སྒེའུ་ཁུང་གཅིག་བཅས་གྲུབ་ཆ་མི་འདྲ་བ་གསུམ་ལས་གྲུབ་པའི་དྲ་ཚིགས་གསར་བ་འདི། ང་ཚོས་དེ་རིང་ནས་བཟུང་ས་ཆེན་པོའི་སྒལ་གཞུང་ནས་འགྲེང་སྟེ་མདུན་ལ་སྐྱོད་པའི་མགོ་བརྩམས་པ་ཡིན།

11-(2).jpg
ཧི་མ་ལའི་རིག་མཛོད་འཕྲུལ་དེབ་ཁང་།
11-(4).jpg
ཧི་མ་ལའི་རིག་མཛོད་བལྟ་ཀློག་དཔེ་མཛོད་ཁང་།

11-(4).jpg

   ཡིན་ནའང་འདི་ནི་གནས་སྐབས་ཚོད་ལྟ་ཙམ་ལས་ད་དུང་གྲུབ་ཆ་འཐུས་ཚང་རང་བཞིན་ཅན་དང་། རྣམ་པ་སྤུས་ལེགས་ཤིག་བཟོ་ཐུབ་མེད་པར་ངེས་པས་ཁྱེད་འཛམ་གླིང་གི་ཀློག་པ་པོ་ཡོངས་ཀྱིས་འདི་ལ། སྒྲིག་སྦྱོར་མ་འཁྱོང་ས། དག་ཆས་མ་ཟིན་པ། ཆད་ལྷག་གིས་བར་སྟོང་ཤོར་ཡོད་པ་དག་ལ། ལྷག་བསམ་དག་པས་སྐྱོན་ཆ་ཐེར་འདོན་དང་། དྲན་སྐུལ། ལམ་སྟོན་སོགས་ཀྱི་རྒྱབ་སྐྱོར་བསྟུད་མར་གནང་རྒྱུར་ངེད་རིག་མཛོད་ཁང་གིས་སྙིང་ནས་རེ་ཞུ་བྱེད་ཀྱིན་ཡོད་པས་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ཀྱི་ཐུགས་དབུས་སུ་འཛིན་རོགས་ཞུ། ནང་འཇུག་ཟིན་པའི་འཕྲུལ་དེབ་དང་ལྟ་ཀློག་གི་རྣམ་པའི་ཡིག་ཆ་དག་གནས་སྐབས་བཤུ་འགོད་དང་བརྒྱུད་སྤྲོད་མི་བྱ་བར་ཞུ། ད་དུང་ཚོད་ལྟའི་རང་བཞིན་དུ་ལམ་ལ་ཆས་ནས་སྐྱོན་ཆ་དག་ཡོ་བསྲང་དང་བསྐྱར་བཅོས་བྱེད་བཞིན་པའི་དུས་ཡིན། ༢༠༡༣.༡༠.༢ ལ་ཤར་གཏོང་བྱས་པ།
ཧི་མ་ལའི་རིག་མཛོད་དྲ་ཚིགས། http://www.himalayane.com/ 
གློག་རྡུལ་ཡིག་སྒམ།    himalayanc@163.com

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།