རྒྱ་ཆེ་བའི་ཤེས་ལྡན་མི་སྣ་ཀུན་གྱི་སྤྱན་སྔར་བསྟར་དོན།

[ཟླ་ཚེས། 2013-10-02 09:26:45][རྩོམ་པ་པོ། ཁྲི་བསོད་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1111.jpg

      ༄༅།། ཐོས་བསམ་ནོར་གྱིས་ཕྱུག་ཅིང་རིས་མེད་རྒྱལ་བསྟན་སྤྱི་ལ་ལྷག་བསམ་ཆེ་བའི་བླ་སྤྲུལ་མཁན་སློབ་དང་རྒྱ་ཆེ་བའི་ཤེས་ལྡན་མི་སྣ་ཀུན་གྱི་སྤྱན་སྔར།

       འདིར་ཡང་བདག་ཅག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གྱུར་བའི་བཀའ་དྲིན་བཞི་རྫོགས་ཀྱི་དཔོན་གསས་བླ་མ། མཁས་པ་དང་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་སྐུ་མཆོག་གཟི་བྱིན་འབར་བའི་དཀྱིལ་འཁོར། གངས་ལྗོངས་འགྲོ་བའི་བསོད་ནམས་ཀྱི་སྤྱི་དཔལ་དུ་འཛུམ་ནས་བགྲང་བྱ་བརྒྱད་ཅུ་འཁོར་ལ་ཉེ་བའི་རིང་། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་བོ་མདོ་སྔགས་རྫོགས་ཆེན་གྱི་བསྟན་པ་རིན་པོ་ཆེ། ཐུགས་སྟོབས་དང་འཕྲིན་ལས་ཀྱི་དཔུང་བས་རྣམ་པར་བཏེགས་ཏེ། ཡངས་པའི་ས་ཆེན་ཀུན་ཏུ་ཁྱབ་གདལ་དང་དར་སྤེལ་གནང་བ་མ་ཟད། མདོ་སྨད་གསེར་ལྗོངས་ཀྱི་ཡུལ་འདིར་སངས་རྒྱས་དངོས་དང་འདྲ་བའི་མཛད་པ་རླབས་ཆེན་མཛད། དཔལ་ལྡན་སྨན་རི་བའི་རིང་ལུགས་ལྟར་འཆད་ཉན་བཤད་སྒྲུབ་ཀྱི་སྲོལ་བཙུགས། སྐལ་ལྡན་གྱི་བུ་སློབ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་གྱི་ལམ་ལ་བསྐྱངས། འབྲེལ་ཚད་དོན་ལྡན་དུ་མངོན་མཐོ་དང་ངེས་ལེགས་ཀྱི་ས་ལ་མངོན་པར་བཀོད་པས་ན། སླད་མའི་ཆར་ཡང་ངེད་ཅག་གི་ལྷ་སྐལ་དུ་ཐོབ་པའི་སྐྱབས་མཆོག་ཡིད་བཞིན་ནོར་བུའི་གཟུགས་སྐུ་རགས་པའི་ཉིན་བྱེད་དེ་ཉིད་སྐྱེ་འཆིའི་འཆར་ནུབ་མི་སྲིད་པར། རྟག་བརྟན་གཡུང་དྲུང་གི་ཁམས་སུ་ལྷམ་མེར་བཞུགས་པའི«གྱ་སྟོན་ཤིས་སྨོན་»གྱི་བཀའ་ཆབ་ཆུ་བོའི་རྒྱུན་ལྟར་བདག་ཅག་གི་སྤྱི་བོའི་རྒྱན་དུ་སྩོལ་བར་བཀའ་དྲིན་སྙིང་ནས་ཞུ།།

འབྲེལ་གཏུག་བྱེད་ཡུལ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།   ཁྲི་བསོད་བསྟན།

ཁ་པར་ཨང་གྲངས། 136 4974 1538    156 0973 9205

རྩོམ་ཡིག་བསྐུར་ཡུལ། trisoten727@yahoo.com

ཞེས་རེབ་གོང་བོན་བརྒྱ་དགོན་དམངས་གཙོ་དོ་དམ་རྒྱུན་ལས་ལྷན་ཁང་དང་

«དཔྱོད་ལྡན་མཆོད་པའི་མེ་ཏོག»རྩོམ་སྒྲིག་ཁང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།