ཉིན་བཞི་བའི་གཡུང་དྲུང་བོན་གྱི་གལ་ཆེན་ཚོགས་ཆེན་གསུམ་འཚོགས་པའི་སྐོར་གྱི་གནས་ཚུལ།

[ཟླ་ཚེས། 2013-09-02 22:39:17][རྩོམ་པ་པོ། ཁྲི་བསོད་བསྟན་གྱིས་བསྒྲིགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1-1.jpg1-2.jpg

     སྤྱི་ཟླ་9ཚེས་1ཉིན་གྱི་ཞོགས་པའི་ཆུ་ཚོད་9:00སྟེང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོར་ཕེབས་པའི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན། གྲྭ་བཙུན་རྣམས། གླིང་སྟོད་དང་གླིང་སྨད། གླིང་སྐེད། གླིང་ཟུར་དང་བཞིའི་རྩོད་རར་འཚོགས། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་རྒྱུན་ལས་རྣམས། ཤར་ཡུལ་སྣང་ཞིག་དགོན་དུ་ཕེབས་ནས་ལྷ་ཁང་རྟེན་གསུམ་རྣམས་ལ་མཇལ་ཁ་དང་རབ་གནས་མཛད། ཚོགས་པའི་རྒྱུན་ལས་རྣམས་དང་དགོན་པའི་བླ་གྲྭ་ལྷན་རྒྱས་ཀྱི་དྲན་རྟེན་མཉམ་པར་བསྒྲོན།

2-1.jpg2-2.JPG

      ཆུ་ཚོད་10:10སྟེང་། ཚོགས་པའི་རྒྱུན་ལས་རྣམས་སངས་རྒྱས་མི་ཡི་གཟུགས་སུ་བྱོན་པའི་ཀུན་མཁྱེན་རྒྱལ་བ་གཉིས་པ་༧སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གི་སྐུའི་མཚན་དཔེའི་པད་མོ་མངོན་པར་བཞད་པའི་ས་གནས་ཁྲ་ཆེན་རྒུ་ཞེས་པ་དེར། ཤར་བ་སྣང་ཞིག་སྤྲུལ་སྐུ་ངག་དབང་ངམ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་གིས་ད་ལོར་གསར་དུ་བཞེངས་པའི་གཡུང་དྲུང་བཀོད་ལེགས་མཆོད་པའི་རྟེན་གྱི་ནང་དུ་༧སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་ཟངས་སྐུ་བྱོན་ལེགས་མ་དེར་མཇལ་བ་དང་རབ་གནས་མཛད། རྒྱུན་ལས་དང་བླ་གྲྭ་ལྷན་རྒྱས་ལ་ཕྱག་འགྱེད་གཏང་བ་དང་དྲན་རྟེན་གྱི་མཉམ་པར་བསྒྲོན་ནས་ཕྱིར་ཕེབས། ཉིན་གུང་གི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་བླ་སྤྲུལ་རྣམས་ཀྱིས་དགའ་མལ་དགོན་པའི་ལྷ་སྡེའི་མང་ཚོགས་ལ་མཇལ་ཁ་གནང་།

3-1.JPG3-2.JPG

      ཆུ་ཚོད་14:00སྟེང་། བཅུ་ཕྲག་རིག་པའི་གནས་དང་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་ཆེན་པོ། ཡུལ་མདོ་སྨད་ཀྱི་མ་ཧ་པཎྚི་ཏ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་གསང་བ་སྔགས་ཀྱི་ཕྱོགས་ནས་གཡས་རུ་འཆད་རྩོད་ཆེན་མོའི་སྟེང་ཕེབས་པའི་འདུས་གྲྭ་རྣམས་ལ་འཆད་ཁྲིད་གནང་། ཉན་འཁོར་གྱི་གྲས་ནས་ཡིག་ཐོག་དྲི་བ་འགའ་བྱུང་བ་ལ་ཞལ་ལན་བསྩལ།

5-1.jpg5-2.jpg

      ཆུ་ཚོད་16:30—18:00བར་དུ་གྲྭ་ཚང་རྣམས་གླིང་ཚན་གཉིས་ཀྱི་རྩོད་རར་འཚོགས། རྒྱ་ཆེ་གཏིང་ཟབ་གཡུང་དྲུང་བོན་གྱི་གཞུང་ལུགས། ཡོངས་གྲགས་ལ་མཚན་ཉིད་གཞུང་ཆེན་དྲུག་སྟེ། དབུ་ཚད་ཕར་གསུམ། གབ་མཛོད་ས་གསུམ་ཞེས་པའི་གཞུང་གི་རྩོད་པ་བྱས། དགོང་ཁར་སྔར་རྒྱུན་ལྟར་དམིགས་བསལ་དང་དམིགས་བསལ་བགྲོ་གླེང་བྱས།

4-3.JPG4-2.JPG4-1.JPG

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཚན་ཁག་གིས་གནས་ཚུལ་མཁོ་སྤྲོད་དང་པར་བ་ངེད་དྲ་ཚིགས་གཙོ་སྒྲུབ་པ་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།