སྟོད་པོའི་བོན་གྱི་རིག་གནས་སྲུང་སྐྱོབ་དར་སྤེལ་མཐུན་ཚོགས།

[ཟླ་ཚེས། 2015-05-14 21:35:31][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   DSC_0216.JPG
༼སྟོད་པོའི་བོན་གྱི་རིག་གནས་སྲུང་སྐྱོབ་དར་སྤེལ་མཐུན་ཚོགས༽ཀྱི་ཚོགས་པའི་རྒྱུན་ལས་རྣམ་པ།

   དེ་ཡང་སྤྱིར་སྟོད་པོ་ཁོག་འདི་ནི་སི་ཁྲོན་ཞིང་ཆེན་མིན་དབྱང་ས་ཁུལ་ཕིན་ཝུ་རྫོང་གི་ཝ་ནང་ཞེས་པའི་ཡུལ་ཕྱོགས་སུ་གནས། དེ་ལ་ཡུལ་འདི་ལ་དེ་སྔའི་བོད་ཀྱི་ལོ་རྒྱུས་རྣམས་སུ་སྟོད་པོ་དང་ཏོ་པོ། དོལ་པོ། རྟོལ་པོ། དྭགས་པོ་བཅས་འབྲི་ཚུལ་མི་འདྲ་བ་དུ་མ་ཡོད་མོད། གང་ལྟར་ཡུལ་འདི་ཉུང་མཐའ་མི་ལོ་སྟོང་ཕྲག་གཅིག་གི་ཡར་སྔོན་ནས་ཞང་ཞུང་མངའ་རིས་དང་ཡར་ཀླུང་ནས་བརྒྱུད་པའི་མི་རིགས་ཤིག་ཡིན་པར་སྨྲོས་མེད་དུ་ཆགས་ཡོད། ཡུལ་དེར་གནས་པའི་བོད་རིགས་རྣལ་མ་ཞིག་ཡིན། དེ་དག་གི་སྐོར་ཟུར་དུ་འབྲི་རྩིས་ཡོད།

DSC_0235.JPGIMG_5616.JPG
སྟོད་པོའི་བོན་གྱི་དཔེ་རྙིང་ཁག་གཅིག

   དེ་སྔའི་སྟོད་པོ་ཡུལ་གྱི་དད་ལྡན་དམངས་ཚོགས་རྣམས་ནས་རེ་ཞུ་ཡང་ཡང་ཞུས་པ་ལྟར་༢༠༡༥ལོའི་ཟླ་བ་༥བའི་ཚེས་༩ཉིན་མདོ་སྨད་ཟིང་ཆུ་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དགེ་བའི་བཤེས་གཉེན་ཆེན་མོ་ཁ་དྲག་བཙན་དབང་སོགས་ཆེད་དུ་སྟོད་པོ་ཁོག་ལ་ཕེབས་ཏེ་དེ་གའི་དད་ལྡན་དམངས་ཚོགས་རྣམས་ལ་གནའ་ཞང་བོད་ཀྱི་རིག་གནས་ཁྱད་ཆོས་ལྡན་ཅིང་། སྲིད་པའི་རྒྱུ་བོན་སྐོར་གྱི་དཔེ་རྙིང་སྐོར། དེ་བཞིན་ཡུལ་དེ་གའི་ཐུན་མིན་གྱི་སྲོལ་རྒྱུན་རིག་གནས་སོགས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བཅས་དུས་རབས་དང་མཐུན་པའི་སྒོ་ནས་དར་སྤེལ་གྱི་ལས་དོན་དུ་༼སྟོད་པོའི་བོན་གྱི་རིག་གནས་སྲུང་སྐྱོབ་དར་སྤེལ་མཐུན་ཚོགས་༽ཞེས་ཚོགས་པ་ཞིག་གསར་བཙུགས་གནང་། ཚོགས་པ་འདིས་མ་འོང་པར་མུ་མཐུད་ནས་རྒྱ་ཆེར་གཏོང་སྟེ་སྟོད་པོའི་རིག་གནས་ཆེད་དམིགས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་སོགས་གཉེར་རྒྱུ་རེད།

IMG_5612.JPGDSC_0184.JPG
ཚོགས་པའི་རྒྱུན་ལས་རྣམ་པས་དཔེ་རྙིང་གཟིགས་རྟོག་གནང་བཞིན་པ།

   ཚོགས་པ་ཡང་། དེང་རབས་དང་མཐུན་པའི་སྒོ་ནས་ཚོགས་པ་བཙུགས་མི་སྣའི་བཀོད་སྒྲིག་ལ་ཡང་། བློ་འདྲི་ཞུ་ཡུལ་དང་ཚོགས་གཙོ། ཚོགས་གཞོན་དྲུང་ཡིག་རྒན་གཞོན་རྒྱུན་ལས་བཅས་ལས་གྲུབ་ཡོད། ད་རུང་མུ་མཐུད་ནས་རྒྱ་ཆེར་གཏོང་ཡའི་ལས་གཉེར་གནང་བཞིན་ཡོད། ཚོགས་པའི་འགྲོ་རིམ་དང་ལས་ཀ་ཞིབ་ཚགས་སོགས་ཀྱི་སྐོར་རྗེས་སུ་བཀྲམ་རྩིས་ཡོད།

DSC_0269.JPGDSC_0235.JPG
༧ དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་རིན་པོ་ཆེ་དང་དགེ་བཤེས་ཁ་དྲག་བཙན་དབང་སོགས་སྟོད་པོའི་ཡུལ་ལུང་དང་ཡུལ་དེའི་ཁྱད་ཆོས་སོགས་ལ་གཟིགས་རྟོག་གནང་བ།

སྟོད་པོའི་བོན་གྱི་རིག་གནས་སྲུང་སྐྱོབ་དར་སྤེལ་མཐུན་ཚོགས།་ཀྱི་རྒྱུན་ལས་རྣམ་པའི་མཚན་བྱང་།
བློ་འདྲི་ཞུ་ཡུལ། དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ།
ཚོགས་གཙོ། སྟོད་པོ་ཉི་དགའ་ཚེ་རིང་།
ཚོགས་གཞོན། སྟོད་པོ་ཚེ་བརྟན་རྒྱལ།
སྟོད་པོ་འབྲུག་ཐར་ཚེ་རིང་།
དྲུང་ཡིག་ཆེན་མོ། སྟོད་པོ་ཟླ་བ་སྒྲོལ་མ།
དྲུང་གཞོན། དགེ་བཤེས་ཁ་དྲག་བཙན་དབང་།
རྒྱུན་ལས་ཚོགས་མི། ཚེ་རིང་དབང་རྒྱལ། བཅིངས་དྲུང་ནན། དབང་རྒྱལ་ཚེ་རིང་།
ཟིང་ཆུ་བློ་བཟང་དར་རྒྱས། སྐལ་བཟང་ཚེ་རིང་། དབྱངས་ཅན་ལྷ་མོ། རྟ་མགྲིན་ལྷ་མོ།

སྟོད་པོའི་བོན་གྱི་རིག་གནས་སྲུང་སྐྱོབ་དར་སྤེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཚན་ཁག་གིས་༢༠༡༥་༥་༡༡ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།