རྗེ་བོན་བརྒྱ་མཆོག་ལ་ཕུལ་བའི་བརྟན་བཞུཊ་ཤིས་རྩོམ་ཆེད་བསྒྲིགས་དེབ་གཉིས།

རྩོམ་པ་པོ། གཟེར་མིག

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2017-01-14

ངོ་སྤྲོད་མདོར་བསྡུས། གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་ཆེན་པོ་འཛམ་གླིང་མཁས་གྲུབ་ཀྱི་གཙུག་རྒྱན་དམ་པ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་སྐུ་མཆོག་གཟི་བྱིན་འབར་བའི་དཀྱིལ་འཁོར་མཁའ་མཉམ་གདུལ་བྱའི་སྤྱི་དཔལ་དུ་བཞད་ནས་རྟག་བརྟན་གཡུང་དྲུང་གི་ཁམས་སུ་ལྷམ་མེར་བཞུགས་པར། ཁོང་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དང་སླད་མའི་ཆར་ཡང་ངེད་ཅག་གི་ལྷ་སྐལ་དུ་ཐོབ་པའི་སྐྱབས་མཆོག་ཡིད་བཞིན་ནོར་བུའི་སྐུ་ཚེ་ཞབས་པད་ཡུན་རིང་དུ་འཚོ་ཞིང་གཞེས་ཕྱིར། མདོ་སྨད་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་ཁག་དང་བོན་འབངས་ཡོངས་ཀྱིས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཐུན་སྦྱོར་དང་རྣམ་དཀར་བསོད་ནམས་ཀྱི་འཚོགས་བསགས་རླབས་ཆེན་བགྱིས་ཏེ། རེབ་གོང་གསེར་ལྗོངས་ཡུལ་གྱི་གཤེན་གྱི་འདུས་སྡེ་ཆེན་མོ་༧བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་བཀའ་དྲིན་རྗེས་དྲན་གྱི་མནྜལ་བརྟན་བཞུགས་བསྟར་འབུལ་གྱི་སྐལ་བཟང་གི་ཉིན་མོ་དང་བསྟུན། ཕྱོགས་སོ་སོར་བཞུགས་པའི་བསྟན་འཛིན་བླ་སྤྲུལ་དགེ་བཤེས་དང་དད་འབངས་བུ་སློབ་ཇི་སྙེད་ཀྱིས། དམ་པ་གང་གི་རླབས་ཆེ་བའི་མཛད་འཕྲིན་ལ་དད་པའི་སྣང་བ་རབ་ཏུ་རྒྱས་ཤིང༌། ཤིས་སྨོན་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་«དབྱངས་གསལ་མིང་གཞིར་ཚང་བའི་བྱ་དཀའི་ཤིས་སྨོན་ཆེད་བསྒྲིགས»དང་«བརྟན་བཞུགས་ཤིས་རྩོམ་རྟག་བརྟན་གཤེན་གྱི་རྔ་སྒྲ»གཉིས་གློག་རྡུལ་དེབ་ཏུ་བཟོས་ནས་རྒྱ་ཆེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཡོད། གཟེར་མིག་གིས།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།