རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་རྣམ་ཐར།

རྩོམ་པ་པོ། ལྷ་བུ་བློ་བཟང་།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2015-06-20

ངོ་སྤྲོད་མདོར་བསྡུས། རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། ལྷ་བུ་བློ་བཟང་ངམ་འགྲུ་རིགས་ཉི་མ་གྲགས་པ་ནི་ཨ་མདོ་རྔ་བའི་ཀ་ཤུལ་ལྷ་སང་ཞེས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། རང་ལོ་བཅུ་གསུམ་གྱི་ཐོག་ནས་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་ཞུགས་ཏེ། རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་གྱི་བདུན་ནས་གཙང་གཙུག་གི་སྡོམ་པ་ཞུས། དགེ་བའི་བཤེས་གཉེན་སྣང་དགོན་ཁྲི་ཟུར་བ་དགེན་ཨ་ཁུ་བླ་མ་མཆོག་གི་མདུན་ནས་ཡི་གེ་སྦྱོར་ཀློག་ལ་སྤྱངས། དེ་ནས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་མི་ལོ་དགུའི་རིང་དུ་ཞུགས་ནས་ཚད་མ་རིག་པ་གཙོས་ཐུན་མོང་རིག་གནས་ལ་འབད་པ་ཅི་ལྕོགས་བྱས། ཉིས་སྟོང་དགུ་ལོ་ནས་གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་གཙོ་སྒྲིག་པའི་འགན་ཁུར། ཉིས་སྟོང་བཅུ་གཅིག་ལོ་ནས་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དྲུང་ཡིག་པའི་འགན་ཁུར། ཉིས་སྟོང་བཅུ་གཉིས་ལོར་རྔ་བ་ཅོག་ལོ་དགོན་སྒོམ་སྒྲུབ་སློབ་གླིང་གི་གདན་ཞུས་དགེ་རྒན་ལོ་གཅིག་ལ་མཛད། ཉིས་སྟོང་བཅུ་གསུམ་ལོར་སྣང་དགོན་དགེ་བའི་བཤེས་གཉེན་གྱི་དམ་བཅའ་བཞག དེ་བཞིན་བཤད་སྒྲུབ་སློབ་གླིང་གི་སྤྱི་གཉེར་ལོ་དེབ་ཞང་བོད་རིག་སྒོ་དང་སྒེར་གཉེར་ལོ་དེབ་ཞང་བོད་ཤེས་རིག་གཉིས་ཀྱི་རྩོམ་སྒྲིག་པའི་འགན་ཁུར་མྱོང་ལ། རྩོམ་རིག་ལག་དེབ་ངུར་སྨྲིག་འོག་གི་མཁུན་སྒྲ་དང་ཀི་རིང་གཉིས་འགྲེམ་སྤེལ་བྱས། ད་ལྟ་ཞང་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་གཙོ་བོར་བཟུང་སྟེ། ཞོར་དུ་སྣང་ཞིག་དགོན་ཆེན་དུ་ཡོད་པའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཟུར་ཁྲིད་དགེ་རྒན་གྱི་འགན་ཁུར་ནས་ཡོད་དོ།།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།