ལམ་རིམ་དྲུག་ཅུ་བ།

རྩོམ་པ་པོ། མཁན་ཆེན་བསོད་ནམས་གཡུང་དྲུང་།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2014-05-02

ངོ་སྤྲོད་མདོར་བསྡུས། དེ་ཡང་རིགས་སོ་སོའི་ཤེས་བྱ་རིག་པའི་གཞུང་ལུགས་སོགས་ནི་རང་ཉིད་གནས་གཞི་ཡང་དག་པ་ཞིག་ཡོད་དགོས་ལ། ང་ཚོ་སྟེ་འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་ཤེས་བྱ་རིག་པའི་གཞུང་ལུགས་འདི་དག་འཇིག་རྟེན་གྱི་ཁམས་འདིར་གནས་ཤིང་དར་དགོས་པ་ཡིན་ལ། དེ་ལྟར་གནས་ཤིང་དར་དགོས་ན་སྤྱི་ཚོགས་དེ་དང་འཁོར་ཡུག་དེར་འཚམས་དགོས་པ་ཞིག་ངེས། དེའི་ཕྱིར་དུས་རབས་འདིར་རིགས་སོ་སོའི་ལུགས་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་རྣམས་ནི་སྤྱི་ཚོགས་འདི་དང་འཚམས་ཅི་ཐུབ་ཀྱི་སྒོ་ནས་འགྲེམ་སྤེལ་བྱེད་བཞིན་འཆིས། འོ་ཅག་བོན་པོར་མཚོན་ན་བྱེད་སྲོལ་འདིར་ཡར་ལྟོས་བྱེད་དགོས་པའི་གནས་སུ་མཆིས་ཤིང་། སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ནི་སེམས་ཅན་ཀྱི་ཕན་བདེའི་ཆེད་དུ་ཡིན་ལ། སེམས་ཅན་ལ་ཕན་བདེ་བསྐྲུན་པར་སེམས་ཅན་དང་མཉམ་གནས་བྱེད་དགོས་པ་ཡིན། ད་ཆའི་སྤྱི་ཚོགས་འདིར་གནས་དགོས་ནའང་སྤྱི་ཚོགས་འདི་དང་མཐུན་དགོས་པ་ལས། བྱ་རོག་དཀར་པོའི་དཔེ་ལྟར་གྱུར་ན་སྤྱི་ཚོགས་འདིར་ཕན་བདེ་བསྐྲུན་རྒྱུ་ཅི་སྨྲོས་རང་ཉིད་ཀྱི་འཚོ་གནས་ལ་དཀའ་ཁག་འབྱུང་ངེས་རེད། དེས་ན་ཆོས་ལུགས་གཞན་པ་ཚོས་བྱེད་སྲོལ་ལ་ཡར་ལྟོས་ཀྱི་སྒོ་ནས། སྨྱུག་མཛེས་འཕྲུལ་དེབ་ཅེས་པའི་འཕྲུལ་བསྒྱུར་ལས་གཞི་ཞིག་གཉེར་བ་ཡིན་ལ། ལས་གཞི་འདི་བདག་ལ་མཚོན་ན་སྐྱེས་སྦྱོང་གི་ཤེས་ཡོན་ཅི་ནས་ཀྱང་ཞན་པས་དཀའ་བའི་གནས་སུ་གྱུར། ཡིན་ཡང་དཀའ་ངལ་འདི་དག་དང་འཚམས་པའི་གྲུབ་འབྲས་ཤིག་ལ་རེ་བསྒུག་གི་ངང་ནས་འདི་ལྟར་བསྒྱུར་བསྐྲུན་བྱེད་པ་ཡིན་ལ། སླད་ཆར་ཡང་དཔེ་དཀོན་དང་། དགོས་གལ་བའི་དཔེ་ཆ། གཞན་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་མི་སྒེར་སོ་སོའི་རྩོམ་ཡིག་སོགས་འཕྲུལ་དེབ་ཏུ་བསྒྱུར་རྒྱུའི་རོགས་པའང་བྱེད་ངེས་ཡིན། འཕྲུལ་དེབ་འདིར་ནོར་འཕྲུལ་ཡོད་སྲིད་པའི་དེ་ལུགས་ཀྱི་སློབ་སྟོན་གནང་བའི་རེ་བ་དང་བཅས་ཁྱུང་སྨྱུག་མཛེས་ཀྱིས་ཀོ་རྒྱལ་དགོན་དུ་བྲིས།།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།