གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཀྱི་རྒྱལ་པོ།

རྩོམ་པ་པོ། ཁུ་ཚ་ཟླ་འོད་འབར་གྱིས་གཏེར་ནས་བ

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2013-11-03

ངོ་སྤྲོད་མདོར་བསྡུས། ཞང་ཞུང་སྐད་དུ། སེ་སྟོ་ལིག་ཞི་སད་ཝེར་རྭང་། དྲུང་མུ་གྱེར་ཞི་ཨཀྱོ་སྤུངས།
བོད་སྐད་དུ། སྲིད་པའི་མཛོད་ཀྱི་མདོ། འཁོར་འདས་ཁམས་ཀྱི་རྩ་བ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཅེས་བྱ་བ། གཤེན་རབ་སྟོན་པའི་སྐུ་ལ་ཕྱག་འཚལ་ལོ། སྐྱེ་མེད་སྐུ་ལས་སྐྱེ་བའི་ཆོ་འཕྲུལ་དུ། གཡོ་མེད་སྐུ་ལས་གཡོ་བ་གཉིས་བསྟན་ནས། འགྲོ་བའི་དོན་དུ་མཁའ་ལས་སྤྲུལ་པ་ཡང་། དོན་དུ་བོན་ཉིད་མཉམ་པའི་ངང་དུ་གཅིག ཐུགས་ལས་སྐུ་དང་གསུང་དུ་འབྲེལ་བ་ཡི། ཁྱབ་པ་ཆེན་པོ་རྫུ་འཕྲུལ་ཐབས་ཀྱིས་བརྒྱུད། ཐབས་ཆེན་ཀུན་འབྱུང་རིན་ཆེན་ཕུང་པོ་འདི། ཐེག་རྒྱུད་ཀུན་ལ་འཇུག་པའི་ལམ་དུ་བདེ། རྒྱུད་ལུང་མན་ངག་ཀུན་གྱི་རྒྱལ་པོ་འདི། བོན་ཅན་མཚན་མར་བཅས་དང་མཚན་མེད་དང་། བདེན་པ་གཉིས་དོན་ཡང་དག་གསལ་བའི་མཆོག མེ་ཏོག་ཨུདྤལ་ནོར་བུ་རིན་ཆེན་བཞིན། མཐོང་རྟོགས་གོ་ཞིང་ཐོབ་པ་ཤིན་ཏུ་དཀའ། རིགས་བཟང་ཁུངས་བཙུན་སྐལ་ལྡན་ལས་འཕྲོ་ཅན། བརྩོན་འགྲུས་སྟོབས་ལྡན་དོན་ལས་འདའ་མི་བྱེད། ནན་ཏན་སེམས་བསྐྱེད་དེ་ལ་དེ་བསྟན་བྱ། རིགས་ངན་བླུན་ཞིང་མུར་ཟངས་ཆས་དང་ལྡན། གཅམ་བུ་ཕྱར་གཡེང་མི་སྒོམ་ཚིག་ཏུ་བྱེད། སེང་གེའི་འོ་མས་ས་ཡི་སྣོད་བཤིག་བཞིན། སྣོད་རྣམས་ཞིག་ནས་བཅུད་རྣམས་འབོ་བར་འགྱུར། འདི་ཐོས་འདི་ཡི་དོན་བཞིན་བྱས་གྱུར་ན། འདོད་པས་རིན་ཆེན་གླིང་ལ་ཕྱིན་པ་ལྟར། གང་གིས་གང་བཙལ་དེ་ཡིས་དེ་ཐོབ་བྱེད།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།