ལམ་རིམ་བློ་སྦྱོང་གི་སྐོར།

རྩོམ་པ་པོ། བོན་བརྒྱ་རིན་པོ་ཆེ།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2013-09-14

ངོ་སྤྲོད་མདོར་བསྡུས། དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་བཀའ་དྲིན་ཅན། །ཟབ་ཞི་སྤྲོས་བྲལ་གཞི་དབྱིངས་གདོད་མའི་གཤིས། །རྗེན་པར་སྟོན་མཛད་རིག་པ་རང་ཤར་ཞབས། །ཚེ་རབས་ཀུན་ཏུ་བོན་ཉིད་འཁོར་ལོར་བསྙེན། །ཆེར་སྙེགས་དུས་ཀྱི་ཐ་མར་བདག་འདྲ་བས། །ཟབ་དོན་གླུ་རུ་བླངས་ན་འཕྱ་སྨོད་རྒྱུ། །འོན་ཀྱང་སློབ་བུའི་རྣམ་དཔྱོད་སོར་རྩེ་ཡིས། །བསྐུལ་ན་རིག་རྩལ་གླིང་བུའི་སྒྲ་འདི་འབྱིན། །མདོ་སྔགས་གང་གི་ལམ་ནས་བྱང་ཆུབ་མཆོག །སྒྲུབ་ན་བཤེས་གཉེན་བསྟེན་ལས་གདམས་ངག་ཀུན། །ཐོས་པས་མི་ཆོག་ཉམས་སུ་ལེན་པ་གཅེས། །ཉམས་ལེན་རྨང་གཞི་ངེས་འབྱུང་ཁོ་ན་ཡིན། །དེ་ཡི་འཇུག་སྒོ་དད་པ་ཡིན་པར་གསུངས། །སྙིང་རྗེ་ཡོད་ན་རྒྱལ་སྲས་གཞུང་ལམ་ཡིན། །བློ་རྩེ་གཅིག་གིས་སྒྲུབ་ཚུགས་བཟུང་བ་ན། །ཉམས་ལེན་ཟབ་མོའི་སྲོག་ཤིང་འགྱུར་མེད་ཡིན། །དེ་ལ་བག་ཡོད་དྲན་དང་ཤེས་བཞིན་གྱིས། །འབྲལ་བ་མེད་ན་གང་ཡང་གནད་དུ་སྨིན། །དུས་ཀུན་མཆོག་གསུམ་བླ་མར་བློ་གཏད་ན། །གེགས་དང་གོལ་ས་སེལ་བའི་སྨན་དུ་འགྱུར། །ཉམས་ལེན་གནད་དུ་འདུ་བའི་“གཅིག་ཆོག་ཡིན་པས་མང་མི་དགོས། །དབང་རྣོན་སྦྱངས་པ་སྔོན་སོང་སྐྱེས་ཆེན་རྣམས། །རིམ་པས་རྩོལ་བ་ཆེན་པོ་མ་བྱས་ཀྱང་། །བོན་ཉིད་བདེན་པ་གཟིགས་པ་འཐད་རུང་ཡིན། །གཞན་དུ་ཐོས་བསམ་སྒོམ་ལ་རིམ་གྱིས་འབད། །དང་པོར་ཐོས་པས་ཚིག་དོན་སྒྲོ་འདོགས་བཅད། །བསམ་པས་འཁྲུལ་སྣང་བདེན་འཛིན་རགས་པ་ཞི། །སྒོམ་པས་བློ་ངོར་དོན་ལ་ཁོ་ཐག་ཆོད། །དེ་དག་མི་ལྡན་རྒྱུ་མེད་འབྲས་འདོད་འཁྲུལ། །ཕྱི་རུ་བསགས་སྦྱངས་སྒྲུབ་ཚུགས་མཛེས་ན་ཡང་། །ནང་ན་ངེས་ཤེས་མེད་པས་ཐག་མི་ཆོད། །ཐེ་ཚོམ་དང་བཅས་ཉམས་ལེན་སྡུག་ཡུས་ཆེ། །ཉམས་སུ་ལེན་ཚུལ་མདོ་སྔགས་གཉིས་ཀྱི་ལུགས། །གང་ཡང་རང་རྒྱུད་ཉོན་མོངས་འདུལ་ཐབས་ཡིན། །མདོ་ཡི་ལམ་ལས་ཉོན་མོངས་སྤོང་བར་བྱེད། །དཔེར་ན་ཆགས་སོགས་རྒྱུད་ལ་སྐྱེས་མ་ཐག །མི་རུང་སྙམ་དུ་སྤོང་སེམས་བརྟེན་པར་བྱ། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།