བཅའ་ཁྲིམས་དང་ལོ་རྒྱུས་ཀྱི་སྐོར།

རྩོམ་པ་པོ། བོན་བརྒྱ་རིན་པོ་ཆེ།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས། ibooksསོགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2013-07-11

ངོ་སྤྲོད་མདོར་བསྡུས། སྟོབས་བཅུ་མངའ་བ་རྣམ་འདྲེན་རྫོགས་སངས་རྒྱས། །ལུང་རྟོགས་བདེན་གཉིས་འཕྲུལ་ངག་གཡུང་དྲུང་བོན། །དེ་འཛིན་འཕགས་མཆོག་སྐལ་བཟང་སེམས་དཔའི་སྡེ། །གདུལ་བྱ་རྒྱ་མཚོའི་མགོན་ཁྱོད་གཏན་གྱི་སྐྱབས། །སྔོན་དང་ཕྱི་དར་བཤད་སྒྲུབ་ཤིང་རྟའི་སྲོལ། །རྒྱ་ཆེར་འབྱེད་མཛད་རྒྱལ་གཤེན་བསྟན་པའི་སྲོག །འཛིན་སྐྱོང་སྤེལ་མཁས་ཞང་བོད་མཁས་གྲུབ་ཚོགས། །རིམ་པར་བྱོན་རྣམས་བཀའ་དྲིན་ཡང་ཡང་དྲན། །ལྗོངས་འདིར་བསྟན་པའི་རྒྱལ་མཚན་འཛུགས་པའི་གཤེན། །དྲན་པ་ནམ་མཁའ་གྲུབ་ཐོབ་རྣམས་གསུམ་དང༌། །དབྱིངས་ཀློང་རིན་ཆེན་ཁྱུང་བོ་བསྟན་དར་བ། །སྟོན་པ་ཡེ་ཤེས་རྒྱལ་མཚན་བཅས་ལ་འདུད། །རྒྱལ་ཀུན་གསང་གསུམ་ཡེ་ཤེས་རང་གཟུགས་གར། །རྒྱལ་བ་གཉིས་པ་དཔལ་ལྡན་སྨན་རི་བ། །རྒྱལ་ཚབ་རྗེས་འབྲང་བརྒྱུད་པ་འཛིན་རྣམས་བཅས། །རྒྱལ་བསྟན་ཡུན་རིང་གནས་མཛད་ཕྱག་གི་ཡུལ། །རྩེ་ཞིག་དྲུང་རམ་ཤེས་རབ་རྣམ་རྒྱལ་ཞབས། །འགྱུར་མེད་ཀུན་བཟང་རྒྱ་མཚོའི་གྲུབ་རྒྱུད་དང༌། །མཁས་དབང་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་མཚན། །གཡུང་དྲུང་བསྟན་རྒྱས་བླ་རབས་རྣམས་ལ་འདུད། །གྲུབ་དབང་མུ་ལ་པྲཉྫ་སྐུ་མཆེད་དང༌། །གསང་ཆེན་སྔགས་བདག་རང་ཤར་རིག་གྲོལ་རྩལ། །རྗེ་བཙུན་ཀུན་བཟང་བསྟན་པའི་རྒྱལ་མཚན་ཞབས། །གཤེན་བསྟན་འཛིན་སྐྱོང་སྤེལ་མཛད་རྣམས་ལ་དད། །ཐུགས་བསྐྱེད་མི་འགྱུར་གཡུ༷ང་དྲུ༷ང་ན༵མ་མཁ༵འ་ལས། །དོན་གཉིས་ཕུ༷ན་ཚོ༷གས་བསྟན་པའི་རྒྱ༵ལ་མཚ༵ན་ཆེ། །མཁས་གྲུབ་ཉིན་བྱེད་འབར་བའི་འོད་སྣང་ཅན། །གདན་ས་ཆེ་འདིར་བྱོན་རྣམས་སྤྱི་བོར་བསྙེན། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།