document.write(""); document.write("
སྤེལ་མཁན། བོན་བུ་མོ་ལ་དགའ་པོ། ip:66.31.54.*
སྤེལ་དུས། 2014-11-22 09:41:33
གོང་དུ་བཀོད་པའི་པར་རིས་ཡུམ་བུ་བླ་མཁར་རམ་ཡུམ་བུ་བླ་སྒང་དུ་འབོད་པ་དེ་་་མཁར་ཕྱིང་བ་སྟག་རྩེ་་་ཞེས་པ་དེ་ནི་ཡིན་ས་མ་རེད། གང་ལྟར་ལོ་རྒྱུས་སུ་ཡོད་པ་ཞིག་ནི་ཏན་ཏན་ཡིན་པ་རེད། འདིར་ཞུ་འདོད་པ་ནི། པར་རིས་འཇོག་སྟངས་ཀྱི་སྐོར་ནས་ཡིན། དངོས་གནས་བྱས་ན་མཁར་འདིའི་མདུན་ཕྱོགས་ཀྱི་པར་དེ་འཇོག་དགོས་པ་རེད། རྒྱབ་ཕྱོགས་དང་ཟུར་ཕྱོགས་ཀྱི་པར་རིས་འཇོག་སྟངས་འདི་ནི་གཞན་སྡེ་ཚོས་རང་རེའི་ལོ་རྒྱུས་ལ་མཐོང་ཆུང་གཏོང་སྟངས་ཀྱི་འཇོག་ཚུལ་རེད། ང་ཚོ་བོན་པོ་ཚོས་དུས་དེབ་སོགས་སུ་པར་རིས་འཇོག་སྟངས་ཀྱི་སྐོར་ནས་སློབ་སྦྱོང་ཏོག་ཙམ་བྱས་ན་དགའ་ས་རེད། ཤེས་མཁན་ཚོ་ལ་བཤད་ཆ་དྲིས། །
 
"); document.write("");